ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2024.06.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ6པའི་ཚེས14ཉིན།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། ཏང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དངོས་འབེབས་བྱས་ཤིང་། སྲིད་གྲོས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པ་དང་། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་འགོ་འཛིན་མཛད་ནས་བསྡུས་པའི་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ། ཧྲན་ཏུང་ནས་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཡུལ་སྐོར་བྱ་བ། ཞིང་སྡེའི་ལམ་བཟང་བཞི་འཛུགས་སྐྲུན་བྱ་བ་སྔར་ལས་ལེགས་པོར་སྒྲུབ་པ་བཅས་ལ་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་སྟེང་། སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། དོན་གྱི་སྙིང་བོ་དང་ལག་ལེན་གྱི་བླང་བྱ་དམ་འཛིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་བའི་བརྒྱུད་རིམ་ཧྲིལ་བོར་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱས་ཏེ། བྱ་སྤྱོད་དངོས་ལས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས། རང་རྟོགས་སྒོས་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་ལ་ཞབས་འདེགས་ཞུ་རྒྱུ་དེ་གོ་གནས་གཙོ་བོར་འཇོག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗོད་དོན་སྐུལ་སྤེལ་གཏོང་བར་དམ་པོར་དམིགས་ཤིང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། ལྗང་མདོག་རྩིས་ནུས་དང་སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་བྱ་བར་གཞིགས་ནས། བཅོས་སྒྱུར་གྱི་བསམ་བློ་ལེགས་པོར་སྤྱོད་པ་དང་། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ། བློ་འདོན་ཇུས་འབུལ་དངོས་གཉེར་བྱས་ནས། འགན་སྒྲུབ་གྲུབ་འབྲས་དེ་བཅོས་སྒྱུར་གྱི་དངོས་ཡོད་ཕན་ནུས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། རང་ཞིང་གིས་བཅོས་སྒྱུར་གཏིང་ཟབ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་པར་ཧུར་ཐག་སྒོས་བློ་འདོན་པ་དང་གཅིག་མཐུན་ལྟ་བ་ཆགས་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆ་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལ་ཆེད་དུ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་རྟོག་ཞིབ་སྙན་ཞུའི་དཔྱད་འདེམས་གནས་ཚུལ་ཡར་ཞུ་བྱས་ཤིང་། ལས་ཁུངས་ཀྱི་འབྲེལ་ཡོད་ཏང་ཙུའུ་དང་ཆེད་མཁས་པ་དང་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡི་ལོ་སྟོད་ཀྱི་ཏང་འཛུགས་བྱ་བའི་སྙན་ཞུར་ཉན་ལ། མཚོ་སྔོན་སྲིད་གྲོས་ཀྱི་རྟོག་ཞིབ་རྩོམ་དཔར་བྱེད་ཐབས་སོགས་ལམ་ལུགས་རང་བཞིན་གྱི་ཡིག་ཆར་གྲོས་ཞིབ་བྱས། གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་བྱེད་པར་བཏོན་པའི་རྒྱས་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་དམིགས་ནས་དངོས་འབེབས་དམ་འཛིན་བྱེད་པ། སྲིད་གྲོས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་ལ་རྒྱུས་ལོན་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་ཆེར་གཏོང་དགོས། སྲིད་གྲོས་བྱ་བ་ལེགས་པོར་བསྒྲུབ་དགོས་ན་ཏང་གི་འཛུགས་སྐྲུན་དམ་འཛིན་གང་ལེགས་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། འགན་འཁྲི་གཙོ་བོ་ཕྲག་ཏུ་འཁུར་ཞིང་།  ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱེད་པ་དང་། ཏང་འཛུགས་དང་འགན་སྒྲུབ་གཉིས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་སྲིད་གྲོས་ཀྱི་བྱ་བཞག་གསར་གཏོད་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་སྲིད་གྲོས་འགན་སྒྲུབ་ཀྱི་རྨང་གཞིའི་ལས་རིམ་དང་རྣམ་པ་གཙོ་བོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་འགན་གཙོ་བོར་དམ་པོར་དམིགས་ནས་རྟོག་ཞིབ་བྱ་བ་གཏིང་ཟབ་སྒོས་སྤེལ་ཞིང་། བློ་འདོན་ཇུས་འབུལ་གྱི་སྔོན་ཐོན་རང་བཞིན་དང་། ཁ་གཏད་རང་བཞིན། ནུས་ལྡན་རང་བཞིན་བཅས་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ཏེ། སྲིད་གྲོས་སྟོབས་ཤུགས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ཞབས་འདེགས་གང་ལེགས་ཞུ་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཁོང་ཡུང་དང་། ཝང་ཞོན། ཝང་ཀྲིན་ཁྲང་། ལིས་ཞའོ་ནན། ལིའུ་ཏ་ཡེ། ཕིན་ཡིའུ་ཏུང་། ཞུས་པའོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།