ལིས་ཆང་གིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་དོམ་ཁྲའི་སྲུང་སྐྱོབ་མཉམ་ལས་ཞིབ་འཇུག་བྱ་བར་གཟིགས་ཞིབ་མཛད།
2024.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དྲུག་པའི་ཚེས16ཉིན་གྱི་སྔ་དྲོར། ཨོ་སི་ཁྲུ་ལི་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཨ་ཏི་ལའེ་ཏི་སྲོག་ཆགས་གླིང་ག་རུ་ཕེབས་ནས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་དོམ་ཁྲའི་སྲུང་སྐྱོབ་མཉམ་ལས་ཞིབ་འཇུག་བྱ་བར་གཟིགས་ཞིབ་མཛད། སྲོག་ཆགས་གླིང་ག་དེ་ནི་ཨོ་སི་ཁྲུ་ལི་ཡའི་དོམ་ཁྲ་ཡོད་པའི་སྲོག་ཆགས་གླིང་ག་གཅིག་པུ་ཡིན།

སྲོག་ཆགས་གླིང་གའི་དོམ་ཁྲའི་ཁང་དུ། ལིས་ཆང་གིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ཆེད་མཁས་པས་རྒྱལ་ཁབ་གཉིས་ཀྱི་དོམ་ཁྲའི་སྲུང་སྐྱོབ་མཉམ་ལས་ཞིབ་འཇུག་དང་ཨོ་སི་ཁྲུ་ལི་ཡའི་དོམ་ཁྲ་གསོ་སྐྱོང་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན། ལིས་ཆང་གིས་བསྟན་དོན། ཨ་ཏི་ལའེ་ཏི་སྲོག་ཆགས་གླིང་ག་རུ་ཟླུམ་ཕྱེད་ལྷོ་མའི་དོམ་ཁྲ་ཆ་གཅིག་པུ་སྟེ་ཝང་ཝང་དང་ཧྥུའུ་ཉི་གཉིས་ཡོད་ལ། ཁོ་གཉིས་ཡུལ་གཞན་དུ་ཡོད་ན་ཡང་། ཨོ་སི་ཁྲུ་ལི་ཡཱ་རུ་གཟིགས་སྐྱོང་ཞིབ་མོ་ཐོབ་ཡོད་པ་དང་། ཨ་ཏི་ལའེ་ཏི་སྲོག་ཆགས་གླིང་ག་རུ་གཞིས་བཅས་ཤིང་དགའ་དགའ་སྐྱིད་སྐྱིད་ཀྱིས་འཚོ་བ་རོལ་བཞིན་པ་མཐོང་རྗེས། ང་རང་ཧ་ཅང་དགའ་ཞིང་བློ་བདེ་མོ་ཡོང་ཡོད། ཝང་ཝང་དང་ཧྥུའུ་ཉི་གཉིས་ཀ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་མཛའ་བརྩེའི་ཕོ་ཉ་ཡིན་ལ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་ཟབ་མོའི་མཚོན་རྟགས་ཡིན། དེས་ཕྱོགས་གཉིས་ཀྱིས་ སྲུང་སྐྱོང་ཞོབ་མོ་བྱས་ན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་མཉམ་ལས་ཁོད་ཡངས་པའི་ཞི་བདེ་རྒྱ་མཚོ་དང་བར་ཆད་སྣ་ཚོགས་བརྒལ་ནས། ཕན་ཚུན་རོགས་རེས་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་ཐུབ་པ་ར་སྤྲོད་བྱས་ཡོད།

ལིས་ཆང་གིས་གསུང་རྒྱུར། དུས་ཡུན་རིང་བོར། ཀྲུང་གོ་སྲིད་གཞུང་གིས་དོམ་ཁྲར་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། གྲུབ་འབྲས་མངོན་གསལ་བླངས་པ་དང་། ཀྲུང་གོས་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་རྒྱུད་ཆད་ཉེན་ཆེ་བའི་རི་དྭགས་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་པ་མཚོན་ཡོད། ཝང་ཝང་དང་ཧྥུའུ་ཉི་གཉིས་ཕྱོགས་གཉིས་ཀྱི་གྲོས་མཐུན་ལྟར་ད་ལོར་ཕྱིར་ཀྲུང་གོར་སྐྱེལ་རྒྱུ་ཡིན་པ་དང་། ཀྲུང་གོས་ཨོ་སི་ཁྲུ་ལི་ཡཱ་དང་མཉམ་དུ་དོམ་ཁྲའི་སྲུང་སྐྱོབ་མཉམ་ལས་ཞིབ་འཇུག་རྒྱུན་བསྲིང་འདོད་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡཱ་ནམ་ཡང་དོམ་ཁྲའི་མཛའ་མཐུན་ཁྱིམ་གཞི་བྱེད་པའི་རེ་བ་བཅངས་ཡོད་ཟེར།

ས་དེའི་སློབ་ཆུང་སློབ་མས་རྒྱ་སྐད་ཀྱི་དོམ་ཁྲ་བརྗོད་སྙིང་དུ་བྱས་པའི་གླུ་དབྱངས་བླངས་པ་དང་། ལིས་ཆང་གིས་ཁོ་ཚོ་དང་མཛའ་བརྩེའི་བརྗེ་རེས་མཛད། ལིས་ཆང་གིས་ཚང་མར་གོ་སྐབས་ཡོད་ན་ཀྲུང་གོར་ཡོང་ནས་དོམ་ཁྲ་སྐྱེས་སའི་ས་ཆར་བལྟ་སྐོར་བྱེད་པ་དང་། ཀྲུང་གོའི་མཛེས་ལྗོངས་དང་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱས་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་མཛའ་བརྩེའི་ཕོ་ཉ་ཆུང་ཆུང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད།

ཨོ་སི་ཁྲུ་ལི་ཡཱ་ལྷོ་མ་མངའ་སྡེའི་ལྟ་སྐུལ་འགོ་བ་སུང་ཧྥང་ཨན་དང་། ཀྲིག་ཀྲང་མཱ་སི་ནའོ། ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་པུའུ་ཀྲང་ཧོང་དབྱིན་ཞན་དང་། ཉོ་ཚོང་པུའུ་ཡི་པུའུ་ཀྲང་ཧྥ་རུའེ་ཨར་བཅས་ཀྱིས་མཉམ་དུ་ལྟ་ཞིབ་བྱས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།