ལིས་ཆང་གིས་ཁན་པེ་ལཱ་རུ་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གྲོས་ཞུགས་ཁང་གི་གྲོས་དཔོན་ལའེ་ཨིན་སི་དང་དམངས་གྲོས་ཁང་གི་གྲོས་དཔོན་ཏིས་ཁི་གཉིས་ལ་མཉམ་དུ་མཇལ་འཕྲད་གནང་།
2024.06.17 ཁུངས། ཀློག་གྲངས། 24

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཁན་པེ་ལཱ་རུ་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གྲོས་ཞུགས་ཁང་གི་གྲོས་དཔོན་ལའེ་ཨིན་སི་དང་དམངས་གྲོས་ཁང་གི་གྲོས་དཔོན་ཏིས་ཁི་གཉིས་ལ་མཉམ་དུ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། འདས་ཟིན་པའི་ལོ་འགའི་རིང་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་གྱི་འབྲེལ་བ་ཀྱག་ཀྱོག་བརྒྱུད་རྗེས་སླར་ཡང་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་པ་ལས་སླ་མོ་ཞིག་མིན། གོམ་སྟབས་རྗེས་མར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་དེའི་ནང་ཐོན་པའི་ནུས་པ་ཧ་ཅང་གལ་ཆེན་ཡིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་དཔལ་འབྱོར་ཚད་མཐོའི་གསབ་རེས་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད། ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་དེའི་ཐད་ཁྲིམས་སྐྱོང་འགན་ལེན་དང་ཆབ་སྲིད་ཀྱི་རྣམ་པ་ཡག་པོ་ཞིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ལམ་ལུགས་མི་འདྲ་བས། གནད་དོན་ཁག་ཅིག་ལ་བཟུང་བའི་ལྟ་ཚུལ་ལ་ཁྱད་པར་ཡོད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། འགག་རྩ་ནི་འབྲེལ་གཏུག་དང་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་དོགས་པ་སེལ་རྒྱུ་དེ་ཡིན། ཡང་དག་པའི་ཤེས་རྟོགས་ནི་ཐོག་མར་ངེས་པར་དུ་དངོས་འབྲེལ་རྒྱུས་ལོན་བྱེད་པའི་རྨང་གཞིའི་ཐོག་འཛུགས་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་བརྗེ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་མི་ཀྲུང་གོར་ཡོང་ནས་ལྟ་སྐོར་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཡུལ་དངོས་ནས་རྒྱུན་ལོན་བྱས་ནས་ཕན་ཚུན་རྒྱུན་ལོན་ཡང་དག་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ལའེ་ཨིན་སི་དང་ཏིས་ཁི་གཉིས་ཀྱིས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ་མཐོང་བས་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་། ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་བརྗེ་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་ཨོ་སི་ཁྲུ་ལི་ཡཱའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས། 

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།