《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》གི་པོད་དང་པོ་དང་པོད་གཉིས་པའི་ཧྥ་རན་སིའི་ཡི་གེ་དང་ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ སི་ཕེན་གྱི་ཡི་གེ་བཅས་པར་སྐྲུན་འགྲེམས་སྤེལ་བྱས།
2024.06.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 30

《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》གི་པོད་དང་པོ་དང་པོད་གཉིས་པའི་ཧྥ་རན་སིའི་ཡི་གེ་དང་ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ སི་ཕེན་གྱི་ཡི་གེ་བཅས་ཉེ་ཆར་ཕྱི་ཡིག་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས།

《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》གི་པོད་དང་པོ་དང་གཉིས་པའི་ཁྲོད2012ལོའི་ཟླ11པ་ནས2022ལོའི་ཟླ10པའི་བར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་འཁོད་ཡོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གནང་བའི་སྙན་ཞུ《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས》ཞེས་པ་དེ་མགོ་བརྗོད་དུ་བྱས་ཡོད་པ་དང་། གསུང་རྩོམ་གཞན་དག་དུས་ཚོད་ཀྱི་གོ་རིམ་ལྟར་སྒྲིག་ཡོད།

《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་གསར་གཏོད་བྱེད་པ་དང་། རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་བླངས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེ་གསོན་ཉམས་དོད་པོས་ཟིན་ཐོར་བཀོད་ཡོད། དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་བསྡུས་ཀྱིས་མཚོན་ཡོད།

《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》གི་པོད་དང་པོ་དང་གཉིས་པའི་དབྱིན་ཡིག་པར་གཞི་ད་ལོའི་ཟླ3པར་པར་སྐྲུན་བྱས་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ཆེན་པོ་ཐོབ་ཡོད།

《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》གི་པོད་དང་པོ་དང་གཉིས་པ་ཧྥ་རན་སིའི་ཡི་གེ་དང་ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ སི་ཕེན་གྱི་ཡི་གེ་བཅས་སུ་བསྒྱུར་ནས་ཕྱི་ཕྱོགས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ཚེ་ཕྱི་རྒྱལ་གྱི་ཀློག་པ་པོས་ ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་རྟོགས་ཐུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་དང་དོན་སྙིང་ཡང་དག་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཡོད་པ་མ་ཟད། ཡིད་རྟོན་རུང་བ་དང་། སྙིང་རྗེ་ཞིང་གུས་བཀུར་འོས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་མངོན་ཡོད་ལ། ཀྲུང་ཧྭའི་དཔལ་ཡོན་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན།

ཤ་བོ་གསེར་མཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།