ཟླ6པའི་ཚེས18ཉིན། སྐབས་བཅུ་བདུན་པའི་ཀྲུང་ཧྭ་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་བསྡུས། སྐབས་འདིའི་བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང་རྒྱལ་ཁབ་བཅུ་གཉིས་ཀྱི་བྱ་དགའ་ཐོབ་མཁན15ལ་གཟེངས་བསྟོད་བྱས།
ཀྲུང་ཧྭ་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་ནི་རྒྱལ་ཁབ་ཀྱི་གཟི་བརྗིད་སྒྲོམ་གཞིའི་འོག་གི་དཔེ་སྐྲུན་ལས་རིགས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བྱ་དགའ་མཐོ་ཤོས་ཤིག་ཡིན་པ་དང་། 2005ལོར་བཙུགས་པ་ནས་བཟུང་རྒྱལ་ཁབ63གྱི་ལོ་ཙཱ་བ་དང་། དཔེ་སྐྲུན་པ། རྩོམ་པ་པོ་བཅས་མི203ལ་གཟེངས་བསྟོད་བྱས་ཡོད།
ཤ་བོ་གསེར་མཚོས་བསྒྱུར།