​ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་བར་ཚུར་སྣང་དྲག་པོ་བྱུང་།
2024.06.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 8

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་ཚོགས་འདུ་ཚེས17ཉིན་ནས་ཚེས19ཉིན་བར་ཧྲའན་ཞི་ཡན་ཨན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དུས་རབས་གསར་པའི་ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱེད་པ། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་དར་སྤེལ་མཐར་ཕྱིན་དང་ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་དམག་དཔུང་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་བྱ་བར་ཆབ་སྲིད་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་བཤད་གནང་། ཚོགས་ཞུགས་འཐུས་མིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡན་ཨན་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་འཚོག་རྒྱུའི་ཐབས་ཇུས་བཏོན་པ་དེ་ནི་སྲོལ་རྒྱུན་ལ་ཕྱིར་མིག་བལྟས་ནས་བསམ་བློ་བཏང་བ་ཞིག་དང་། མཐུན་སྒྲིལ་འབད་འཐབ་དང་འགག་སྒྲོལ་སྟོབས་ལྡན་དུ་འགྱུར་བའི་ཆབ་སྲིད་སྐུལ་སློང་ཞིག་ཡིན་པས། ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གཏོད་རྒྱུར་སྣེ་ཁྲིད་བྱེད་པ་དང་། ང་ཚོའི་ཏང་གིས་འགོ་ཁྲིད་བྱས་པའི་དཔའ་བོའི་དམག་དཔུང་དེ་སྔར་ལས་དྭངས་གཙང་དང་སྔར་ལས་སྟོབས་ལྡན་དུ་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་དམག་དཔུང་བཙུགས་ནས་ལོ100འཁོར་བར་བསུ་མ་བྱེད་དགོས།

ཚེས17ཉིན་གྱི་ཕྱི་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དོན་ཨུ་ཡོན་ལྷན་ཁང་གི་འཛིན་གྲྭ་ཞིག་དང་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོའི་སྣེ་ཁྲིད་དེ་ཝང་ཅཱ་ཕིན་གསར་བརྗེའི་གནས་རྙིང་ལ་གཟིགས་ཞིབ་བྱེད་པར་བསྐྱོད་ནས་འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱས་པ་དང་དམར་པོའི་གཞི་རྒྱུ་རྒྱུན་མཐུད་བྱས། དེའི་རྗེས་བསྡུས་པའི་ཚོགས་འདུའི་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཆབ་སྲིད་དམག་དཔུང་འཛུགས་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། དུས་རབས་གསར་པའི་ཆབ་སྲིད་དམག་དཔུང་འཛུགས་སྐྲུན་གྱི་ཐབས་ཇུས་ནང་དོན་གཙོ་བོ་གསལ་བཤད་གཏིང་ཟབ་བྱས་ལ། ཆབ་སྲིད་དམག་དཔུང་འཛུགས་སྐྲུན་གྱི་དུས་རབས་བླང་བྱ་གསལ་པོ་བཏོན་ཏེ་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཆབ་སྲིད་དམག་དཔུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་དམག་དཔུང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་ནམ་ཡང་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་འཐབ་ན་རྒྱལ་ངེས་པ་དང་། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣ་མང་པོ་ཐོན་ཐུབ་པ། ཐོག་མཐའ་བར་གསུམ་དུ་དྭངས་གཙང་གཟི་བརྗིད་ལྡན་པ། ཐོག་མཐའ་བར་གསུམ་དུ་ཁྲིམས་ལུགས་དང་སྒྲིག་ཁྲིམས་ནན་མོ་བཅས་ཡོང་བར་འགན་ལེན་བྱེད་པ། ཆབ་སྲིད་དམག་དཔུང་འཛུགས་སྐྲུན་ལ་དམིགས་པའི་བྱ་བ་ཏན་ཏིག་ངང་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ནས་དམག་དཔུང་སྟོབས་ལྡན་འཛུགས་པར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པའི་ཐད་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་ཕྱོགས་དྲུག་གི་གཙོ་གནད་བྱ་བ་ཁ་གསལ་བཟོས་ཡོད།

མིག་སྔར། མི་དམངས་དམག་དཔུང་ནི་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་པའི་ཐོག་མདུན་སྐྱོད་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འགག་རྩའི་དུས་སུ་གནས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་གི་མཐོ་རིམ་ལས་བྱེད་པའི་སྣེ་ཁྲིད་དེ་ཡན་ཨན་དུ་ལོག་ནས་སླར་ཡང་འབྱུང་རྩ་བཙལ་ཏེ་ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་གྱི་ལེའུ་གསར་པ་བྲིས་པས་ཚོགས་ཞུགས་འཐུས་མི་རྣམས་ལ་སེམས་ཚོར་ཆེན་པོ་ཐོབ་པ་དང་དགའ་ཚོར་ཆེན་པོ་སྐྱེས་ཡོད།  ཚང་མས་བསྟན་དོན། སྤྱི་ཁྱབ་བཀོད་འདོམས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱེད་པ་དང་། སྣེ་ཁྲིད་དེ་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་བྱེད་པ། སྣེ་ཁྲིད་དེ་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། བསམ་བློ་དང་འདོད་བློ། བྱ་སྤྱོད་བཅས་གཅིག་གྱུར་བྱེད་པ། སྤྱོད་ཚུལ་དང་སྣང་བརྙན་བཟང་བོར་བརྟེན་ནས་དཔུང་སྡེའི་མཁྲེགས་གཏོར་ཧུར་ཐག་བྱ་རྒྱུར་སྐུལ་སློང་བྱས་ཏེ་དམག་དཔུང་སྟོབས་ལྡན་གྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཤ་བོ་གསེར་མཚོས་བསྒྱུར།