ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2024.06.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ6པའི་ཚེས21ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་བཏོན་པའི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་འབྲེལ་ཡོད་གསུངས་བཤད་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་པར་མ་ཟད་བླང་བྱ་བཏོན། དབྱང་ཧྥུན་ཁྲུན་དང་། ཀྲང་ཧོང་ཡོན། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་བསྟན་དོན། གསུངས་བཤད་གལ་ཆེན་དང་གྲོས་ཚོགས་ཀྱི་དོན་སྙིང་གཙོ་བོ་དང་བསམ་བློའི་རང་བཞིན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ལག་བསྟར་བསམ་འཆར་གཞིར་བཟུང་སྟེ། ལག་བསྟར་དོན་འཁྱོལ་བྱེད་པའི་སྦྲེལ་གནས་དང་། ཁུངས་སྣེ། ཤུགས་འདོན་ས་བཅས་ཡང་དག་པར་འཚོལ་བ་དང་། དམངས་ཆེན་གྱི་བྱ་བའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། དངོས་ཡོད་བྱེད་ཐབས་ཀྱིས་རང་འགུལ་ངང་ཁག་ཁུར་འགན་སྒྲུབ་བྱས་ཏེ། ཏན་ཏིག་གིས་ལག་ལེན་དངོས་འབེབས་དམ་འཛིན་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བཅོས་སྒྱུར་གྱི་བརྗོད་དོན་ལ་དམ་པོར་དམིགས་ཤིང་། བཅོས་སྒྱུར་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། བྱེད་ལུགས་བྱེད་ཐབས་ལ་དོ་སྣང་བྱེད་པ། ནུས་ཤུགས་ཡོད་རྒུས་ལེགས་ཆ་སྦྱོང་བརྡར་དང་ཞན་ཆར་ཁ་གསབ་བྱེད་དགོས། ཁྲིམས་འཛུགས་ཀྱི་ཁྲིད་སྟོན་དང་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་བའི་དཀྱིལ་སྙིང་ལ་དམིགས་ནས་བྱ་བའི་གཙོ་གནད་དམ་འཛིན་དང་ལྟ་སྐུལ་བྱེད་པ། ཁྱད་ལྡན་སྤུས་ལེགས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་གཞོགས་འདེགས་བྱེད་པ་དང་། དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་ཐབས་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ལྗང་མདོག་རྩིས་ནུས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་གང་ལེགས་བྱེད་པ། དེང་རབས་ཡུལ་སྐོར་ལས་རིགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་རྒྱུན་མཐུད་སྒོས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དེ་དང་མཉམ་དུ། མིག་སྔའི་བྱ་བ་གཙོ་བོ་དག་ནན་ཏན་སྒོས་ལེགས་པོར་བསྒྲུབ་སྟེ། སྤུས་ཚད་ལེགས་ཤིང་ཕན་ནུས་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བའི་འཕེལ་རིམ་དང་། ཞིང་ཆེན་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་བཀོད་འདོམས་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་དང་བསམ་འཆར་སྙན་ཞུར་ཉན་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མིས་གུས་སྐྲག་ཤེས་པ་དང་། དོགས་ཟོན་བྱེད་པ། ཚད་མཐའ་སྲུང་བ་བཅས་ཀྱི་བརྗོད་དོན་བགྲོ་གླེང་སྤེལ།

ལྷ་མོ་འཚོས་བསྒྱུར།