མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2024.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ6ཚེས20ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དུ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་དྲིལ་སྒྲོག་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་བཟང་བོ། ལག་བསྟར་བཟང་བོ་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་གལ་ཆེན་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་སུ་བསྒྱུར་བ། བརྩེ་སེམས་ཟབ་མོ་དེ་དྲིན་གཟོའི་བསམ་པ་དང་དངོས་གཉེར་གྱི་བློ་རྩ་རུ་བསྒྱུར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་ལ་ཉེ་བའི་སྐབས་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་མཛད་པ་དང་། དེས་ཁོང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་མཚོ་སྔོན་གྱི་མི་དམངས་ལ་ཐུགས་ཁུར་ཆེན་པོ་བྱེད་པ་མཚོན་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ས་ཆ་རེར་ཕེབས་དུས། ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁོང་ནས་གོང་བཀུར་བྱེད་པ་དང་། གུས་ཞེན་གྱི་སེམས་པ་ཡོངས་སུ་མངོན་པར་བྱས་ལ། ང་ཚོས་མི་དམངས་ཀྱི་གཙོ་འཛིན་པའི་ཁྱད་དུ་འཕགས་པའི་འགུག་ཤུགས་ཆེན་པོ་མཐོང་ཐུབ་པར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་སྒང་གི་བུ་དང་བུ་མོ་ནམ་ཡང་ཡིད་ལ་བཟུང་ཡོད་པ་དང་། དམངས་བྱམས་དམངས་གཅེས་བྱས་ནས་མི་རིགས་སོ་སོའི་མང་ཚོགས་ལ་དྲོད་ཁོལ་སྦྱིན་ལ། ང་ཚོས་མི་དམངས་ཀྱི་གཙོ་འཛིན་པས་མི་དམངས་བསམ་པའི་བརྩེ་སེམས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བླ་མེད་རང་གཤིས་ཉམས་སུ་མྱོང་ཐུབ་པར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་འཕེལ་རྒྱས་ཀྱི་མཐོ་ཚད་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཁ་ཕྱོགས་གསར་བོ་བསྟན་པ་དང་གནད་ཚད་གསར་བ་གཏན་ཁེལ་བྱས་ཤིང་། འགན་འཁྲི་གསར་བ་གཏན་ཁེལ་བྱས་པ་དང་རེ་བ་གསར་བ་བཏོན་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ཆབ་སྲིད་དོན་སྙིང་གལ་ཆེན་དང་ལག་ལེན་གྱི་དོན་སྙིང་། ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱར་གོ་བ་ཟབ་མོ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་གལ་ཆེན་ནམ་ཡང་སེམས་ལ་བརྟན་པོར་འཛིན་པ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། བསམ་བློ་བཅིངས་འགྲོལ་བྱེད་པ་དང་འདུ་ཤེས་བསྒྱུར་བ། དཔའ་སྐྱེད་མདུན་སྐྱོད་དང་ཁག་ཁུར་འབད་འཐབ་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་ལ་དྲིན་ལན་འཇལ་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་མཚོ་སྔོན་བྱ་བའི་ཁ་ཕྱོགས་དང་སྒུལ་ཤུགས་ཀྱི་འགོ་ཁུངས། ཤུགས་འདོན་ས་རུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། དེའི་ཁྲོད་ཀྱི་གོ་དོན་ཟབ་མོ་དང་སྲོག་ཤིང་དོན་སྙིང་། ལག་ལེན་གྱི་རེ་བ་རྒྱུས་ལོན་ཟབ་མོ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་བཞུགས་མོལ་ཚོགས་འདུའི་དགོངས་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་བཅས་མཉམ་དུ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། སྤྱི་ཁོག་ནས་ལག་ལེན་མཐར་ཕྱིན་བྱེད་པ། མངག་བཅོལ་ཡིད་ལ་འཛིན་པ་དང་དྲིན་གཟོ་མདུན་སྐྱོད་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་རླབས་ཆེན་གྱི་འཆར་འགོད་དེ་མཛེས་སྡུག་གི་མངོན་སུམ་དུ་བསྒྱུར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་ས་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པའི་སྐོར་གྱི་བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས། ཐོན་ལས་ཕྲེང་འབྲེལ་རྒྱུན་བསྲིང་བ་དང་ཟུར་སྣོན་རིན་གྲངས་མཐོར་འདེགས་གཏོང་བ་བརྒྱུད་དེ། རྨང་གཞི་ཡོད་པ་དང་ཁྱད་ཆོས་ལྡན་པ། སྦས་ཤུགས་ཡོད་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། གནས་བཞི་འཛུགས་སྐྲུན་མཚོན་བྱེད་དུ་བྱས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་རྒྱུན་མ་ཆད་པར་འཚོལ་ཞིབ་བྱེད་པ་དང་འབད་བརྩོན་ལྷོད་མེད་བྱེད་དགོས། དེ་དང་མཉམ་དུ། བཅོས་བསྒྱུར་ཕྱོགས་ཡོངས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་པའི་བྱེད་ཐབས་གཙོ་བོར་ཇུས་འགོད་ནན་མོ་བྱེད་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་དང་གཅིག་འདོམས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བར་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་པར་ཤུགས་སྣོན་པ་དང་། ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། རྒྱལ་དོན་གལ་ཆེན་ཡིད་ལ་དམ་པོར་འཛིན་པ། སྐྱེ་ཁམས་སྲུང་སྐྱོབ་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ། རི་གཉིས་ཀྱི་ཚུལ་སྒྱུར་ལམ་བུ་འཚོལ་ཞིབ་བྱེད་པ། ཁེ་སྤོགས་འདོད་གདུང་གི་གྲུབ་འབྲས་མངོན་གསལ་བརྩོན་ལེན་མི་བྱེད་པར་མི་རབས་རྗེས་མར་གོ་ཆོད་པའི་མི་མངོན་པའི་གྲུབ་འབྲས་གསར་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འཛིང་རགས་མཐའ་གཅིག་ཏུ་བརྟན་པོ་འཛུགས་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་རྒྱུན་མཐུད་ངང་ཕན་ཡོད་སྦྲེལ་མཐུད་བྱེད་པ། དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ནས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། ཅི་ཧྲི་ཧྲན་གྱི་ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་པ་དང་། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། དམངས་ཕན་གྱི་དོན་དངོས་བཟང་བོར་བསྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མུ་མཐུད་དུ་མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་མ་ལག་གཏན་འབེབས་བྱེད་དགོས། དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཅན་གཙིགས་སུ་འཛིན་པ་དང་ཁྲིམས་སྐྱོང་ཅན་ལ་ཤུགས་བསྣན་ནས། ཏང་ཀྲུང་དབྱང་གི་ཆོས་ལུགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་རྒྱུས་ལོན་ཟབ་མོ་བྱེད་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པར་ངོས་འཛིན་གསལ་བོ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་བསྲུང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ། སྒྲིག་ཁྲིམས་སློབ་སྦྱོང་བྱེད་པ་དང་སྒྲིག་ཁྲིམས་ཤེས་པར་བྱེད་པ། སྒྲིག་ཁྲིམས་ལ་གོ་བ་ཟབ་མོ་ལེན་པར་བརྟེན་ནས་ཁྲིམས་བརྩི་ཁྲིམས་སྲུང་དང་ཁྲིམས་བསྟར་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་དྲང་ཕྱོགས་ཀྱི་ནུས་པ་ལྡན་པའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་གྲུབ་པར་སྣེ་ཁྲིད་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་རྒྱུས་ལོན། ཕྱོགས་ཡོངས་ནས་ལག་བསྟར་བྱེད་ན། ཞིང་ཆེན་ཡོངས་སུ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གྱི་ཚ་རླབས་ཆེན་པོ་འཕྱུར་བར་བྱས་ནས། གསུང་བཤད་གལ་ཆེན་གྱི་དགོངས་དོན་མི་སེམས་སིམ་པ་དང་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་སྟེང་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་བྱེད་པ། ཡུལ་དངོས་དང་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དྲིན་བསམ་ནས་སློབ་སྦྱོང་བྱེད་པ་དང་བློ་དཀར་པོས་སློབ་སྦྱོང་བྱེད་པ། འགན་འཁྲི་ཁྱེར་ནས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱེད་པ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་ངེས་གནས་དང་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། འགན་འཁྲི་བགོ་བཤའ་གསལ་བོ་བྱེད་པ་དང་། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བསམ་ཕྱོགས་དང་བྱེད་ཐབས་གཏན་ཁེལ་བྱེད་པ། དམིགས་འབེན་ལས་འགན་ཇེ་ཞིབ་ཏུ་གཏོང་བ། ཚད་གཞི་དང་ཆུ་ཚད་མཐོར་འདེགས་གཏོང་བ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལག་བསྟར་དོན་འཁྱོལ་སྔར་ལས་གནད་ཕིགས་དང་དངོས་གཉེར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཐད་ནས་བྱུང་བའི་སྒུལ་ཤུགས་ཆེན་པོ་དེ། ཁག་ཁུར་དངོས་སྒྲུབ་ཀྱི་བྱ་སྤྱོད་དངོས་དང་བྱ་བ་བཟང་བོར་བསྒྲུབ་པའི་ཕན་འབྲས་དངོས་སུ་བསྒྱུར་དགོས། དྲིལ་སྒྲོག་དང་སྐུལ་སློང་རྒྱ་ཆེར་བྱེད་པ་དང་། སྤྱི་ཁོག་གི་འཆར་འགོད་དང་མ་ལག་ཇུས་འགོད། མཐུན་སྦྱོར་སྐུལ་འདེད་ལ་ཤུགས་སྣོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་ཐུགས་ཁུར་བརྩེ་སེམས་དེ་གཞི་རིམ་དང་རིགས་སོ་སོའི་མང་ཚོགས་ལ་བརྒྱུད་སྒྲོག་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་གུང་ཁྲན་ཏང་ལ་བརྩི་བཀུར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅིར་དགའ་ཞེན་བྱེད་པའི་སྤྲོ་སེམས་ཆེན་པོ་སྔར་ལས་ཆེར་སྐྱེད་པ་དང་། བློ་རྩ་སྔར་ལས་བརྟན་པོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དེ་ཆེད་འགན་ལྟ་སྐུལ་དང་སྐོར་ཞིབ་སྐོར་གཟིགས་ཀྱི་ནང་དོན་གཙོ་བོའི་ཁྲོད་འཇོག་པ། རྗེས་འདེད་ཕན་བརྩོན་བྱེད་པར་སྔར་ལས་ཤུགས་སྣོན་པ། དུས་ཐོག་ཏུ་ཕྱིར་ལྟ་བྱེད་པ། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་གཙིགས་སུ་བཟུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།

རིན་ཆེན་མཚོས་བསྒྱུར།