ལིས་ཆང་གིས་འཚམས་འདྲི་མཇུག་རྫོགས་ནས་ཕྱིར་པེ་ཅིང་དུ་ཕེབས།
2024.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ6ཚེས20ཉིན་གྱི་དགོང་མོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ནེའུ་ཙི་ལན་དང་། ཨོ་སི་ཁྲུ་ལི་ཡཱ། མཱ་ལེ་ཞི་ཡཱ་བཅས་ཀྱི་དངོས་གཞིའི་འཚམས་འདྲི་མཇུག་རྫོགས་པར་མ་ཟད།  ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨར་པཱ་ཉི་སི་དང་ཀྲུང་ཨོའི་ཙུང་ལིའི་ལོ་འཁོར་གྱི་མཇལ་འཕྲད་རེས་སྐོར་དགུ་པ་བསྡུས་རྗེས་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་ཕེབས།  རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་རྣམས་གནམ་གྲུ་གཅིག་ཏུ་བསྡད་ནས་ཕྱིར་འབྱོར།

གཡང་འབུམ་རྒྱལ་གྱིས་བསྒྱུར།