ཟླ6པའི་ཚེས21ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་ལ་ཉེ་བའི་སྐབས་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་དུ་ཕེབས་ནས་གཟིགས་ཞིབ་མཛད་པར་མ་ཟད། གསུང་བཤད་གལ་ཆེན་གནང་། དེས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་མཚོ་སྔོན་མི་དམངས་ལ་ཐུགས་ཁུར་ཆེན་པོ་བྱེད་པ་མཚོན་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སློབ་གྲྭ་དང་ཆོས་ལུགས་ལས་སྒོ་སྤེལ་སར་སོང་ནས་གཟིགས་ཞིབ་མཛད་པ་དེས། མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་པ་དང་དམངས་ཚིས་ལ་ཐུགས་ཁུར་ཆེན་པོ་བྱེད་པ་མཚོན་ལ། ང་ཚོས་མི་དམངས་ཀྱི་གཙོ་འཛིན་པའི་ཁྱད་དུ་འཕགས་པའི་འགུག་ཤུགས་དང་མི་དམངས་བསམ་པའི་བརྩེ་སེམས་ཟབ་མོ་མྱོང་ཐུབ་པར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། མཚོ་སྔོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་དང་འགན་འཁྲི་ལས་འགན་གསལ་བཤད་གསལ་བོ་བྱས་པ་དང་། མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པའི་རྩ་དོན་བྱེད་ཕྱོགས་དང་གཙོ་གནད་གསལ་བོ་བཏོན་ལ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་ཁྲིད་རང་བཞིན། ཁ་གཏད་རང་བཞིན་ཆེན་པོ་ལྡན་པ་དང་། ང་ཚོར་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཤིང་། སྒུལ་ཤུགས་ཆེན་པོ་བསྣན་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཟང་བོ་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་དང་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཅངས་པའི་རེ་བ་དང་གཏན་ཁེལ་བྱ་བའི་ལས་འགན་གཙོ་བོ། མཛུབ་ཁྲིད་བྱས་པའི་ཚན་རིག་གི་བྱེད་ཐབས་ལ་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཅས་ལ་ཟུང་འབྲེལ་བྱེད་པ། མངག་བཅོལ་ཡིད་ལ་འཛིན་པ་དང་དྲིན་གཟོ་མདུན་སྐྱོད་བྱེད་པ། སེམས་ཤུགས་ཡོད་རྒུས་རྒྱུས་ལོན་བྱེད་པ་དང་ཕྱོགས་ཡོངས་ནས་ཚད་གཞིར་འཛིན་པ། གོ་དོན་ཕུན་སུམ་ཚོགས་པ་དང་ནང་དོན་གཙོ་བོ། ལག་ལེན་གྱི་རེ་བར་གོ་བ་ཡང་དག་ལེན་པ། ཚད་གཞི་སྔར་ལས་མཐོ་བ་དང་རེ་བ་སྔར་ལས་མཐོན་པོས་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ། ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་གཉེར་པ་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་རླབས་ཆེན་འཆར་གཞི་མངོན་འགྱུར་བྱེད་དགོས། རང་ས་ཆའི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པའི་རེ་བ་གལ་ཆེན་རྒྱུས་ལོན་ཟབ་མོ་དང་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པ། གསར་གཏོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། ས་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་མཐོར་འདེགས་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་དགོས། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་བླང་བྱ་གལ་ཆེན་རྒྱུས་ལོན་ཟབ་མོ་དང་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་གསར་སྐྲུན་བྱེད་པ་གཙིགས་སུ་འཛིན་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོ་འཛུགས་དགོས། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་བླང་བྱ་གལ་ཆེན་རྒྱུས་ལོན་ཟབ་མོ་དང་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་དང་དམངས་ཚིས་ལ་གཅིག་འདོམས་བྱེད་པ། རང་ནུས་ཅི་ལྕོགས་ཀྱིས་དམངས་ཚིས་དོན་དངོས་བཟང་བོར་བསྒྲུབ་པ། སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ། ཅི་ཧྲི་ཧྲན་ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་པ། གནོད་འགོག་གནོད་སྐྱོད་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། དམངས་ཚིས་ཀྱི་བདེ་སྐྱིད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས། མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་པའི་བླང་བྱ་གལ་ཆེན་རྒྱུས་ལོན་ཟབ་མོ་དང་ལག་བསྟར་བཟང་བོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་ཏང་གི་དྲིན་བསམ་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱས་ཏེ། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་གྱི་རྣམ་པ་བཟང་བོ་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་རྒྱུས་ལོན་ཟབ་མོ་དང་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རང་རྟོགས་སྒོས་ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལག་བསྟར་བྱེད་པ། དཔེ་གཞིས་བཅོས་བསྒྱུར་ལ་སྐུལ་བ་དང་སྤྱོད་ཚུལ་འབུར་ཐོན་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་རྒྱུན་མཐུད་ངང་སྤེལ་བ། ཁག་ཁུར་འབད་འཐབ་བྱེད་པར་ཤུགས་སྣོན་པ། རྒྱུ་ནོར་དཔལ་འབྱོར་གྱི་སྒྲིག་ལམ་གཟབ་ནན་དུ་གཏོང་བ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་ནས། མི་དམངས་ཡིད་ཚིམ་པའི་སྲིད་གཙང་སྲིད་གཞུང་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།
ཚོགས་ཐོག་ནས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་འགོ་ཁྲིད་དེ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དམ་འཛིན་བྱེད་པ་དང་། ཏང་ཙུའུ་ཁོངས་མི་སོ་སོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། སེམས་ཞིབ་མོས་སློབ་སྦྱོང་བྱེད་པ་དང་ཇུས་འགོད་བྱེད་པ། ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་པ། རྟོག་ཞིབ་ཞིབ་འཇུག་ཟབ་མོ་བྱེད་པ་དང་གཅིག་འདོམས་མཛུབ་ཁྲིད་ལ་ཤུགས་སྣོན་པ། རྒྱུན་རྣམ་ཅན་གྱི་བཀོད་གཏོང་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་མཛའ་བརྩེ་དེ་བྱ་བ་བཟང་བོར་བསྒྲུབ་པའི་བྱ་སྤྱོད་དངོས་ལ་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས་པའི་རེ་བ་བཏོན།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་སོ་སོས་བརྗེ་རེས་གཏམ་བཤད་བྱས།
རིན་ཆེན་མཚོས་བསྒྱུར།