ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཉིན་ཞ་ཡི་ལེའུ་ཡག་པོར་འབྲི་དགོས།
2024.06.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 27

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་དྲག་པོ་བྱུང་།

ཉེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་གནང་སྐབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་རྐང་དུ་འཛིན་པ་དང་།  རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་ཏེ།  དཔལ་འབྱོར་དར་རྒྱས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་པ། མི་དམངས་ཕྱུག་པོ། མཛེས་ཤིང་སྡུག་པ་བཅས་ཀྱི་ཉིན་ཞ་གསར་པ་མྱུར་དུ་འཛུགས་སྐྲུན་བྱས་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉིན་ཞ་ཡི་ལེའུ་འབད་པས་འབྲི་དགོས་ཞེས་ནན་གྱིས་བསྟན།  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཀྱིས་དངོས་སུ་དོན་གཉེར་དང་གསར་གཏོད་མདུན་སྐྱོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པར་འདོད།

དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུའུ་ལྕགས་རི་རིང་པོའི་མེ་ཏོག་ལྡུམ་རའི་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཆེ་གྲས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐོག་མར་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས།  སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཚུལ་དང་།  ཁྱིམ་མཚེས་བྱ་འགུལ་སྤེལ་སྟངས།   དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་བསྟན་དོན། ཏང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས།  གྲོང་མིའི་“བྲེལ་དཀའ་ཁྲལ་སྒུག”གི་གནད་དོན་ཐག་གཅོད་བྱེད་རྒྱུར་དམ་པོར་དམིགས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཡོད་ཚད་གཏིང་ཟབ་དང་ཞིབ་ཕྲའི་སྒོ་ནས་བསྒྲུབ་དགོས།

སྡེ་ཁུལ་གྱི་བྱ་འགུལ་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅིས་གྲོང་མིའི་ཤོག་བུ་དྲས་གཏུབ་ཀྱི་གསར་རྩོམ་དང་ཞབས་བྲོའི་སྦྱོང་བརྡར་ལ་གཟིགས།  སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་གླེང་མོལ་མཛད་པ་དང་། ལས་འཁྱུར་ངལ་གསོ་བྱས་པའི་གྲོང་མི་རྒན་པ་རྣམས་ལ་རྒས་ན་གསོ་མཁན་ཡོད་པ་དང་རྒས་ན་སྤྲོ་སྣང་ཡོད་པ། རྒས་ཀྱང་ལས་རྒྱུ་ཡོད་པ་ཞིག་བྱེད་དགོས་པའི་སྐུལ་མ་གནང་།

ཉེ་བའི་ལོ་ཤས་རིང་དབྱིན་ཁྲོན་གྲོང་ཁྱེར་གྱིས་སྡོད་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པ་དང་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།“རྒན་པ་གཅིག་དང་གཞོན་པ་གཅིག”གི་གཙོ་གནད་མང་ཚོགས་ལ་ཞབས་འདེགས་ཞུ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས།  དམངས་ཚིས་འགྲོ་སྒོ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོའི75%ཡན་ཟིན་ཡོད།

གྲོང་མི་ཀྲའོ་ཧྲིག་ཁྲིན་གྱི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཁོ་ཚང་གི་ཁྱིམ་མི་རྣམས་དང་མཉམ་དུ་གླེང་མོལ་མཛད་པ་དང་། ཁོ་ཚོའི་བདེ་སྐྱིད་འཚོ་བར་བསྔགས་བརྗོད་གནང་།   སྤྱི་ཁྱབ་ཧྲུའུ་ཅིས་གསུང་རྒྱུར།  ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་པ་དང་རིགས་སོ་སོའི་མང་ཚོགས་དང་ཁྱིམ་ཚང་རེ་རེ་ནི་ངས་སེམས་ཁུར་བྱེད་ས་ཡིན།

སྡེ་ཁུལ་གྱི་ཐང་ཆེན་དུ་གྲོང་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཁོ་ཚོ་གཅིག་རྗེས་གཉིས་མཐུད་དུ་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་བསྐོར་ནས་དགའ་བསུ་ཞུས།  སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་ཚང་མར་ཀྲུང་ཧྭ་མི་རིགས་ནི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་པས་རིགས་སོ་སོའི་མི་དམངས་སེ་འབྲུ་དང་འདྲ་བར་དམ་པོར་འབྲེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་གསུངས།

རིགས་སོ་སོའི་མི་དམངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐིལ་བརྟོལ་རང་བཞིན་གྱི་དམངས་ཚིས་བྱ་གཞག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་ནས།  མི་དམངས་མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་སྒུག ”གི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱེད་དགོས།  ད་ལོ་ཉིན་ཞ་ཡིས་སློབ་གསོ་དང་སྨན་བཅོས། ལས་ཞུགས། རྒན་གསོ་སོགས་ཕྱོགས10ཡི་དམངས་ཚིས་དོན་དངོས35གཙོར་བཟུང་ནས་ཡག་པོར་བསྒྲུབ་རྒྱུ་རེད།  གནས་སྤོས་ཡུལ་མི་ཁྲི་སྟོང་མང་པོ་ཕྱུག་པོར་གཏོང་བའི་བྱ་སྤྱོད་ཡག་པོ་ལག་བསྟར་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ་རེད།

ཉིན་ཞའི་ས་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཁྱད་ཆོས་ཅན་དང་ཁྱད་པར་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ།  ཉིན་ཞའི་དགེ་མཚན་མཚོན་པ་དང་འགྲན་རྩོད་ནུས་པ་ཅུང་ཆེ་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། མིག་སྔར་ཉིན་ཞ་ཡིས་དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་དང་། རྒྱུ་ཆ་གསར་པ། ནུས་རྒྱུ་གཙང་མ་སོགས་ཐོན་ལས་ལ་དོ་སྣང་ཆེན་པོ་བྱས་ཏེ། ཞིབ་རྨོ་ཞིབ་ཚགས་བྱས་ནས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བཞིན་ཡོད།

ཕྱི་ནང་དང་ཕྱི་ཕྱོགས་སྒོ་འབྱེད་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་ཡིས་སྐམ་སའི་དབུས་ཁུལ་གྱི་སྒོ་འབྱེད་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་།  ད་ལྟ་ཉིན་ཞ་ཡིས་དབྱིན་ཁྲོན་ནས་ཐེན་ཅིན་གྲུ་ཁ་དང་ཆིན་ཏའོ་གྲུ་ཁ་བར་གྱི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་མེ་འཁོར་རྒྱུན་ལྡན་ངང་འཁོར་སྐྱོད་བྱས་ནས།  རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་རྒྱལ་ཁབ་དང་ས་ཁུལ170ལྷག་ཙམ་ལ་རྒྱ་ཆེར་ཕྱིན་ཡོད་པ་རེད།

ཉིན་ཞ་ནི་རྒྱལ་ཡོངས་ཀྱི་མངའ་ཁོངས་ཧྲིལ་པོ་རྨ་ཆུའི་འབབ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་།  མངའ་ཁོངས་ཧྲིལ་པོ“བྱང་གསུམ”བཟོ་སྐྲུན་ཁྱབ་ཁོངས་སུ་ཚུད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཅིག་པུ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  རྨ་ཆུ་དང་ཧོ་ལན་རི་བོ་དང་། ལིའུ་ཕན་རི་བོ་དང་ལའོ་ཧྲན་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི།  ཉིན་ཞ་ཡིས་བཅོས་སྒྱུར་འཕེལ་རྒྱས་འཆར་འགོད་བྱེད་པའི་གཞི་འཛིན་སར་བྱས་ཏེ། “འབྲི་ཆུའི་ལྷོ་རྒྱུད”སྔར་ལས་མཛེས་སྡུག་ལྡན་པར་བྱ་དགོས།

མགོ་རྩོམ་ས་གསར་པར་འགྲེང་སྟེ་ཉིན་ཞ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་བཏང་ནས།  ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ཉིན་ཞ་ཡི་ལེའུ་ཡག་པོར་འབྲི་དགོས།

གཡང་འབུམ་རྒྱལ་གྱིས་བསྒྱུར།