ཁྲིན་ཀང་མེན་ཧི་རུ་སོང་ནས་སྒྲོག་འགྲེལ་བྱས།
2024.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དྲུག་པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བ་དང་རིགས་སོ་སོའི་མང་ཚོགས་ལ་བཅངས་པའི་ཐུགས་ཁུར་གཟིགས་སྐྱོང་ལས་རིགས་སོ་སོ་དང་ཁྱིམ་ཚང་མང་པོར་བརྒྱུད་སྒྲོག་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱིམ་གཞི་གསར་བ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ་དང་སེམས་ཤུགས་གཅིག་བསྒྲིལ་གྱིས་འཚོ་བ་གསར་བ་བསྐྲུན་པའི་བྱ་སྤྱོད་དངོས་སུ་བསྒྱུར་བ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་ལན་བསམ་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

ཟླ་དྲུག་པའི་ཚེས18ཉིན་ནས་ཚེས19ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། མེན་ཧི་རྫོང་ཀྲུང་ཁྲོན་ཡུལ་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཐོག་ཏུ་འབྲེལ་ཡོད་གསར་འགྱུར་ལ་བལྟས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་སྡེ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་པར་ཡོང་རྒྱུ་ཡིན་པ་ཐོས་རྗེས། སྡེ་དམངས་མང་པོ་གཅིག་བསྡུས་བཀོད་སྒྲིག་བྱེད་ས་རུ་སོང་ནས་སྒུག་འདུག

གསར་དུ་ལས་པའི་ཞིང་ཁྱིམ་དུ། ཁྲིན་ཀང་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བཙོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དྲོན་མོ་དང་སློབ་སྟོན་ནན་མོ་ཁྱབ་བསྒྲགས་བྱས། ཁྲིན་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་བྱེད་ཀྱིན་ཡོད་པ་དང་། ཐེངས་མང་པོར་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་ཐོན་སྐྱེན་འཚོ་བའི་གནས་ཚུལ་གསལ་བོར་དྲིས་ལ། ཁང་བ་བཟང་བོར་ལས་པར་མ་ཟད་ཆུ་གློག་དྲོད་གསུམ་སོགས་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་དེ་ལས་ཀྱང་འཛུགས་སྐྲུན་བཟང་བོ་བྱེད་དགོས་པ་དང་། ལྷག་པར་དུ་ལོ་ལོན་རྒན་པ་དང་བྱིས་པ་སོགས་དཀའ་ཁག་ཆེ་བའི་མང་ཚོགས་དང་ཉམས་ཞན་མི་ཚོགས་ལ་གཟིགས་སྐྱོང་བྱེད་དགོས་ཞེས་ཡང་དང་བསྐྱར་དུ་ཁ་ཏ་བྱས་ལ། ཚང་མས་རང་ཉིད་ཀྱིས་འཇོན་ཐང་འདོན་སྤེལ་བྱས་ནས་འཐེན་ཐུག་གི་ཚོང་རྒྱག་པ་དང་ལག་རྩལ་ལ་བརྟེན་ནས་ཡོང་འཕར་ཕྱུག་བསྒྱུར་བྱེད་རྒྱུའི་སྐུལ་སློང་བཏང་། ཁྲིན་ཀང་གིས་བཤད་རྒྱུར། རེ་བ་ཡིན་ན་ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གཟིགས་སྐྱོང་སྡེ་དམངས་ཡོངས་ལ་བརྒྱུད་སྒྲོག་བྱས་ནས། ཚང་མས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་ཉམས་སུ་མྱོང་ཐུབ་པར་བྱེད་དགོས། ཏང་ཡོན་ལས་བྱེད་པ་ཚོས་མི་དམངས་བསམ་པའི་དམིགས་འབེན་ཡིད་ལ་དམ་པོར་འཛིན་པ་དང་། དོན་དངོས་དོན་བཟང་མང་པོ་བསྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བཟང་བོ་བྱེད་དགོས།

ཁྲིན་ཀང་གིས་བཤད་རྒྱུར། མངག་བཅོལ་ཡིད་ལ་འཛིན་པ་དང་དྲིན་གཟོ་མདུན་སྐྱོད་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་དགོས། མཐུན་སྦྱོར་ངང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛིང་རགས་ནུས་པ་དང་ཏང་ཡོན་གདོང་ལེན་པའི་དཔེ་མཚོན་ནུས་པ་འདོན་སྤེལ་བྱེད་པ། ས་བབ་དང་བསྟུན་ནས་ཁྱད་ལྡན་དགེ་མཚན་གྱི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཚང་མའི་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་བུ་རུ་བསྐྱོད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་དོན་གལ་ཆེན་སེམས་ལ་འཛིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མཚོ་སྔོན་གྱི་བྱས་རྗེས་གསར་བ་འཇོག་དགོས། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་དང་། ཅི་ཧྲི་ཧྲན་གྱི་ས་ཡོམ་གནོད་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་པ། གནོད་འགོག་གནོད་སྐྱོབ་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རི་མོ་གསར་བ་བཟང་བོར་འབྲི་བ་དང་། ཕན་ཚུན་རོགས་རེས་དང་ཉེན་སྐྱོབ་དཀའ་སེལ་གྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ། མི་རིགས་སོ་སོའི་བར་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལག་བསྟར་བྱེད་པ། མིག་སྔར་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་གསོ་དང་ཟུང་འབྲེལ་བྱས་ནས། སྤྱོད་ཚུལ་འཛུགས་སྐྲུན་བྱེད་པ་དམ་འཛིན་བྱེད་དགོས།

སྒྲོག་འགྲེལ་ལ་ཉན་རྗེས། ཀྲུང་ཁྲོན་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་ཀའོ་ཅེ་དང་ཀྲུང་ཁྲོན་ཡུལ་ཚོའི་ཧི་ཏུང་སློབ་ཁྲིད་བྱེད་སའི་སློབ་གཙོ་ཞིན་ཞི་ཚའེ། ཚའོ་ཐན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧི་ཡུང་ཀོང་། ཅིན་ཐེན་སྡེ་བའི་ཏང་ཡོན་དབྱང་ཧྲན་མེན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ། ཉེ་འགྲམ་གྱི་གཏམ་རྒྱུད་དང་བབ་ཆགས་པའི་སྐད་ཆར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་བརྩི་བཀུར་དང་རླབ་ཆེན་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་གྱི་སེམས་པ་མཚོན་པར་བྱས། ཚང་མས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་་གཅིག་གྱུར་བྱེད་པ་དང་། བྱ་བ་སྣ་ཚོགས་བཟང་བོརབསྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་འདུན་དང་མངག་བཅོལ་གཏན་ནས་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས་ཟེར།

ཉིན་དེར། ཁྲིན་ཀང་ད་དུང་ཀན་ཀི་ཡུལ་ཚོའི་ལིས་ཅཱ་སྡེ་བ་དང་ཀྲུང་ཁྲོན་ཡུལ་ཚོའི་ཅིན་ཐེན་སྡེ་བ། ཚའོ་ཐན་སྡེ་བ་རུ་སོང་ནས། གནས་སྐབས་སྡོད་སའི་གནས་སྤོར་ལས་གཞི་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧན་དང་ཀྲུའུ་ཞང་ཧྥིན་སྒྲོག་འགྲེལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།