ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།
2024.06.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

 ཟླ6ཚེས21ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།  དབྱང་ཧྥིན་ཁྲུན་དང་ཀྲང་ཧོང་ཡོན། ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བའི་གྲོས་གཞིའི་གྲོས་དོན་དང་གྲོས་ཚོགས་འཚོགས་པའི་དུས་ཡུན་སྐོར་གྱི་ཡར་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲོལ་ཡིག་གི་སྡོམ་རྩིས་དཔྱད་ཞིབ་བྱ་བའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་ཡར་ཞུ།  《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་དོན་སྒྲིག་སྲོལ་གྱི་གྲོས་གཞི》  ལ་གྲོས་ཞིབ་བྱེད་པར་འབུལ་བའི་སྐོར་གྱི་གྲོས་གཞི་དང་། 《མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་སྙན་སེང་ཞིབ་བཤེར་སྲོལ་ཡིག 》སྐོར་གྱི་གྲོས་གཞི།     མཚོ་སྔོན་ཞིང་ཆེན་གྱིས་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་།  ཟི་ལིང་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་དོ་དམ་སྲོལ་ཡིག་དང་མཚོ་ཤར་གྲོང་ཁྱེར་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་རིགས་སྐད་ཡིག་དང་བོད་སྐད་ཡིག་བྱ་བའི་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་སྲོལ་ཡིག  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བའི་སྲོལ་ཡིག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་སྐུལ་གདེད་གཏོང་བའི་སྲོལ་ཡིག  རྟ་ཐང་ཧོས་རིགས་རང་སྐྱོང་རྫོང་གི་ས་གཤིས་གནོད་འཚེ་འབྱུང་གནས་འགོག་བཅོས་སྲོལ་ཡིག   ཧུའུ་ཀྲུའུ་རྫོང་དང་མེན་ཧི་རྫོང་། ཧྭ་ལུང་རྫོང་། ཧི་ནན་རྫོང་བཅས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》  ལག་བསྟར་བྱས་ནས་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་བསྒྱུར་བཅོས་ཀྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་།   ཞིང་ཆེན་མི་དམངས་སྲིད་གཞུང་གིས2024ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་བྱེད་པ་མ་ཟད་དེར་བསྟུན་གྱི་ལེགས་སྒྲིག་གཏོང་ཡོང་སྔོན་རྩིས་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་ཉན་ཞུ་དང་།  2024 ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ།  2024ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ། 2023ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་གྱི་སྙན་ཞུ། 2023ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་བྱ་བའི་སྙན་ཞུའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྙན་ཞུའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་རེད།  ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་གྲོས་གཞི་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་ནང་འགོད་པར་འཐད་པ་བྱུང་།

གྲོས་ཚོགས་སྟེང་མི་དོན་བསྐོ་འཐེན་ལས་དོན་གྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་སྟེང་ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་ཀྱི་གྲོས་ཞིབ་ལ་བཀོད་སྒྲིག་བྱེད་པར་འཐད་པ་བྱུང་།

གྲོས་ཚོགས་སྟེང་། ཟི་ལིང་གྲོང་ཁྱེར་དང་ཧྭ་ལུང་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སྲོལ་ཡིག་དང་མགོ་ལོག་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་ལ་ཞིབ་བཤེར་ཆོག་མཆན་འགོད་པ་གནས་སྐབས་ནར་འགྱངས་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་སྟེང་སྙན་ཞུ་འདི་ལ་འཐད་པ་བྱུང་།

གྲོས་ཚོགས་སྟེང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་མཐོར་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། 2023ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་གྱི་འཆར་ཟིན་འགོད་པའི་གནས་ཚུལ་སྐོར་གྱི་ཡར་ཞུར་ཉན་པ་དང་།  ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་གྲོས་ཞིབ་བསམ་འཆར་ལ་འཐད་པ་བྱུང་།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།