ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས24ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང2023ལོའི་ལོ་འཁོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་མཇལ་འཕྲད་གནང་བར་མ་ཟད་གཟེངས་རྟགས་གནང་།
ཏེན་ཞུའེ་ཞང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ནས་བྱ་དགའ་ཐོབ་པའི་ཆེད་མཁས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཁོང་ཚོས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས། ཁོང་ཚོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རྩལ་བརྗེ་རེས་མཉམ་ལས་ཐད་མུ་མཐུད་དུ་འབད་བརྩོན་བྱེད་པ་དང་། ལག་གདང་སྦྲེལ་ཏེ་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། དུས་རབས་ཀྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས་གསར་སྐྲུན་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཡག་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས། བྱ་དགའ་སྤྲད་རྗེས་ཏེན་ཞུའེ་ཞང་གིས་བྱ་དགའ་ཐོབ་པའི་ཆེད་མཁས་པ་དང་མཉམ་དུ་མཉམ་པར་བསྐྱོན།
ཕྱི་རྒྱལ་གྱི་ཆེད་མཁས་པ10ལ2023ལོའི་ལོ་འཁོར་གྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོབ། 1995ལོར་དངོས་སུ་བྱ་དགའ་སྤྲད་པ་ནས་ད་ལྟའི་བར་ཁྱོན་བསྡོམས་ཕྱི་རྒྱལ་གྱི་ཆེད་མཁས་པ146དང་། རྒྱལ་སྤྱིའི་རྩ་འཛུགས3། ཕྱི་རྒྱལ་གྱི་རྩ་འཛུགས1བཅས་ལ་བྱ་དགའ་ཐོབ་པ་རེད།
ཤ་བོ་གསེར་མཚོས་བསྒྱུར།
丁薛祥接见国际科技合作奖获奖外国专家
中共中央政治局常委、国务院副总理丁薛祥24日上午在人民大会堂接见获得2023年度中华人民共和国国际科学技术合作奖的外国专家,并颁发奖章。
丁薛祥代表中国政府对获奖专家表示热烈祝贺,感谢他们长期以来为中国科技发展和现代化建设作出的积极贡献,希望他们继续致力于中外科技交流合作,携手促进科技创新,共同应对时代挑战,让创新成果更好造福各国人民。颁奖结束后,丁薛祥与获奖专家集体合影。
10位外国专家获得2023年度国际科学技术合作奖。1995年正式授奖至今,共有146位外国专家、3个国际组织和1个外国组织获奖。