
ཟླ6ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས། ཁྲིན་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ཡུས་ཧྲུའུ་ཐུགས་ལ་བཅངས་ཡོད་པས། མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་དྲིན་ཚོར་གྱི་བསམ་པ་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཕུགས་འདུན་དུ་འགྱུར་བར་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཡག་པོ་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ཟེར།
རྫ་ཆུའི་འགྲམ་དུ་གནས་པའི་ཁྲ་འགུ་སྡེ་བ་ནི2010ལོར་ཡུས་ཧྲུའུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་ས་ཁུལ་ཞིག་ཡིན་ལ། གནོད་འཚེ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་བྱས་པའི་སྡེ་བ་དང་པོ་དེའང་ཡིན། ས་ཡོམ་བྱུང་ནས་ཅང་མ་འགོར་བར། སྐབས་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་པའི་ཞི་ཅིན་ཕིང་ཆེད་དུ་ཡུས་ཧྲུའུ་རུ་ཕེབས་ནས་གནོད་ཤུལ་བསྐྱར་སྐྲུན་གྱི་བྱ་བར་རྟོག་ཞིབ་གནང་བ་མ་ཟད། བརྩེ་བ་ཟབ་མོས་གནོད་འཚེ་ཆེན་པོའི་རྗེས་སུ་འགྱུར་ལྡོག་ཆེན་པོ་ཡོད་ངེས་པ་དང་། ཁྱེད་ཚོར་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་སྙིང་སྟོབས་ཡོད་པས། ཏང་ཀྲུང་དབྱང་གིས་ཤུགས་གང་ཡོད་བཏོན་ནས་རྒྱབ་སྐྱོར་དང་། རྒྱལ་ཡོངས་མི་དམངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ། ཚང་མས་མཉམ་དུ་རང་སྟོབས་རང་སྤེལ་དང་ཁྱིམ་གཞིས་བསྐྱར་སྐྲུན་བཅས་བྱས་ན། མ་འོངས་པར་ཡུས་ཧྲུའུ་གསར་པ་ཞིག་ཡོད་ངེས་ཡིན་ཞེས་གསུངས། ད་ལྟའི་ཁྲ་འགུ་སྡེ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ནང་བཞིན་སྡེ་བའི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་ཡོད་ལ། བོད་ལུགས་ཀྱི་སྡོད་ཁང་སྲ་ཞིང་བརྟན་ལ་གྲལ་དག་པ་དང་། ཞིམ་མངར་གྱི་རྩམ་པ་དང་འོ་ཇའི་དྲི་བསུང་གང་སར་འཐུལ་བས། སྤྱི་ཚོགས་རིང་ལུགས་ཀྱི་ཡུས་ཧྲུའུ་གསར་པ་ཞིག་མུ་ཏིག་དང་འདྲ་བར་གངས་རི་དང་རྩྭ་ཐང་ཡོངས་སུ་བརྒྱན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་འཆང་བཞིན། ཁྲིན་ཀང་ཁྲ་དགུ་སྡེ་བའི་སྡེ་མི་རྟ་མགྲིན་རྡོ་རྗེ་དང་ཚེ་ཡུང་བཀྲ་ཡི་ཁྱིམ་དུ་སོང་ནས་ཚང་མ་དང་མཉམ་དུ་ད་ལྟའི་འགྱུར་ལྡོག་དང་དྲིན་ཚོར་སྐོར་གླེང་མོལ་བྱས། དེ་རིང་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར་ཚང་མར་ལྟ་རུ་ཡོང་བ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ཧྲུའུ་མི་དམངས་ལ་ཐུགས་ཁུར་དང་བརྩེ་བ་ཟབ་མོ་གནང་བ་བརྒྱུད་སྒྲོག་བྱེད་དུ་ཡོང་བ་ཡིན་ཟེར། ཁྲིན་ཀང་གིས་བཤད་རྒྱུར། ཟླ6ཚེས18ཉིན་ནས་ཚེས19ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས། ཡུས་ཧྲུའུ་ཡི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་དོ་ཁུར་དང་བཀའ་འདྲི་གནང་བ་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལའང་དོ་ཁུར་ཆེན་པོ་གནང་ཞིང་། ཡུས་ཧྲུའུ་འདི་ཉིད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྔོ་ལྗང་གི་རི་ཆུ་འདི་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་གསུངས། ཁྲིན་ཀང་གིས་ཚང་མར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོའི་རྒྱལ་ཁབ་འདི་ཉིད་སྔར་ལས་སྟོབས་ལྡན་དུ་འགྱུར་བ་དང་། ཡུས་ཧྲུའུ་ཡི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པ་དང་ཡུས་ཧྲུའུ་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་ཡིད་ཆེས་བརྟན་པོ་ཡོད་དགོས་པའི་སྐུལ་ལྕག་བཏང་། རྟ་མགྲིན་རྡོ་རྗེ་དང་ཚེ་ཡུང་བཀྲ། ཁྱིམ་མི་བཅས་ཀྱིས་ད་ལྟའི་འཚོ་བའི་འགྱུར་ལྡོག་ཆེན་པོ་དང་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ“དྲིན་ཚོར”ཞེས་པའི་ཡིག་འབྲུ་གཉིས་ཡོད་པའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ནི་སེམས་གཏིང་གི་ལྷག་བསམ་ཟོལ་མེད་ཀྱི་མཚོན་ཚུལ་ཞིག་ཡིན་ཟེར། ཁོ་ཚོས་བཤད་རྒྱུར། དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་རྒྱལ་ཁབ་ཀྱིས་གནང་བ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་བ། ང་ཚོར་ཐུགས་ཁུར་དང་རོགས་རམ་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་སྟེ། འཚོ་བ་ཡག་པོ་རོལ་བ་དང་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ཡིན་ཟེར།
ཁྲ་འགུ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྙན་འཕྲིན་གྱི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་འབྲེལ་ཡོད་གསར་འགྱུར་ལ་ནན་ཏན་སྒོས་ལྟ་བཞིན་ཡོད། ཁྲིན་ཀང་གིས་བཤད་རྒྱུར། ཁྲ་མགུ་སྡེ་བ་ས་ཡོམ་ཞིག་རོའི་ཁྲོད་ནས་སླར་གསོ་བྱུང་བ་མ་ཟད། ད་ལྟའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་བ་འདི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་བ་ཟབ་མོ་གནང་བ་དང་ཁ་འབྲལ་ཐབས་མེད་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཕན་ཚུན་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགན་འཁྲི་ཏན་ཏིག་གིས་ཁུར་ནས། རང་བྱུང་ལ་གུས་ཤིང་སྐྲག་པ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་མཁན་ཡག་པོ་བྱས་ནས། སྔོ་ལྗང་གི་རི་ཆུ་དེ་ནམ་ཡང་ཡུས་ཧྲུའུ་ཡི་ལེགས་ཆ་དང་སྤོབས་པ་ཞིག་ཏུ་འགྱུར་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་དང་རིགས་སོ་སོའི་བར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་ཁྱིམ་ཚང་གཅིག་གི་ཁྱིམ་མིའི་བར་གྱི་འབྲེལ་བ་ཡིན་ཞིང་། བོད་རིགས་དང་མི་རིགས་གཞན་དག་བར་ཤ་ཁྲག་གི་འབྲེལ་བ་དང་ལས་དབང་གཅིག་ཏུ་འབྲེལ་ཡོད་པས། དུས་ནམ་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་རོགས་རེས་བྱེད་དགོས་པ་དང་། རང་ཁྱིམ་གྱི་ཕྱུགས་ར་སྲུང་སྐྱོབ་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་རིགས་སོ་སོའི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་མི་ཕན་པའི་མི་དང་བྱ་བ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་རྟོགས་ངང་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་མི་རིགས་མཐུན་སྒྲིལ་གྱི་ཁྱོན་ཡོངས་སྲུང་སྐྱོང་བྱེད་དགོས། རང་ངོས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དྲིན་ལན་ཚོར་བའི་བསམ་པ་དེ་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་སྔར་ལས་སྐྱིད་པའི་འཚོ་བ་བསྐྲུན་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།
ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་སྒྲོག་འགྲེལ་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།