ཟླ6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་མདུན་གྱི་ཐང་ཆེན་དུ་ཏུའུ་ཏཱར་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
ཟླ6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་མཛད།
ཟླ6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཏུའུ་ཏཱར་ཕྱག་འཇུ་གནང་བའི་རྣམ་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཕོ་ལན་ནི་ཆེས་ཐོག་མར་ཀྲུང་གོ་གསར་བ་ཁས་ལེན་བྱས་པའི་རྒྱལ་ཁབ་ཀྱི་གྲས་ཡིན་ཞིང་། ད་ལོ་ནི་ཀྲུང་གོ་དང་ཕོ་ལན་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བའི་ལོ་ཡིན། ལོ་ངོ་དོན་ལྔའི་རིང་། ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་བརྟན་བརླིང་སྒོས་འཕེལ་རྒྱས་འགྲོ་བཞིན་ཡོད། ལྷག་པར་དུ་ལོ་ངོ་བརྒྱད་ཀྱི་ཡར་སྔོན་དུ་ང་ཚོས་མཉམ་དུ་ཀྲུང་གོ་དང་ཕོ་ལན་བར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་བ་ཐག་གཅོད་བྱས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་བསྐྲུན་ཡོད། མིག་སྔར། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འགྱུར་བ་བཅས་སྔར་བྱུང་མྱོང་མེད་པའི་རྣམ་པ་ལྟར་འགྱུར་ལྡོག་འབྱུང་བཞིན་འདུག ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་ཕྱོགས་དང་མཉམ་དུ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱེད་པ་དང་། འབྲེལ་བ་འཛུགས་པའི་ཐོག་མའི་ཕུགས་འདུན་གཞིར་བཟུང་ཞིང་། སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཟང་ཟིང་རྙོག་འཛིང་ཆེ་བའི་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་ཁ་སྣོན་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཕོ་ལན་བར་གྱི་འབྲེལ་བས་དཀའ་ཁག་མང་པོ་ཐེག་ཐུབ་པའི་འགག་རྩ་ནི་ཕྱོགས་གཉིས་ཀྱིས་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་སྲོལ་རྒྱུན་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཤིང་། རང་བཙན་རང་བདག་གིས་ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་བཏང་བ་དེ་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་ལས། བརྗེ་རེས་མཉམ་སྤེལ་བཅས་ཀྱི་ཀྲུང་གོ་དང་ཕོ་ལན་གྱི་མཛའ་མཐུན་འབྲེལ་བའི་སྙིང་དོན་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་རྒྱལ་ཁབ་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་པ་དང་། འཇམ་འཐབ་ཀྱི་བསམ་ཕྱོགས་དང་དཔུང་ཚོགས་ཀྱི་འགལ་བར་མཉམ་དུ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་ཅིང་། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་འཛུགས་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཕོ་ལན་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་རྐྱེན་སྲོལ་སྟེགས་བུ་བེད་སྤྱོད་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོ་མཉམ་ལས་ཀྱི་འཐབ་ཇུས་མཐུན་སྦྱོར་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་ཅིང་། ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་གཏོང་ཐེངས་སོགས་ལས་གཞི་གལ་ཆེན་གྱི་མཉམ་ལས་ལ་འགན་སྲུང་དང་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་ཞིང་ལས། གཞི་གྲངས་དཔལ་འབྱོར། ལྗང་མདོག་ཐོན་ལས། ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཕོ་ལན་གྱི་སྤུས་ལེགས་ཞིང་ཐོན་དངོས་རྫས་སྔར་ལས་མང་པོ་ཀྲུང་གོའི་ཁྲོམ་རར་ཞུགས་པར་དགའ་བསུ་ཞུ་བ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་མ་དངུལ་གཏོང་ཚད་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱས་ནས། ཕོ་ལན་གྱིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་། དྲང་བཞག མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཕོ་ལན་སྤྱི་དམངས་ལ་ཉིན་བཅོ་ལྔའི་ཕྱོགས་གཅིག་ནས་ལམ་ཡིག་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་ཐག་བཅད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་། ན་གཞོན། རིག་གཞུང་། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཕོ་ལན་སོགས་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་རྒྱུན་མཐུད་ཐུབ་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་དེ་བདེ་ཐང་དང་བརྟན་བརླིང་གིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།
6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་མཛད།
ཏུའུ་ཏཱ་ཡིས་བསྟན་དོན། 2015ལོར་ངས་ཀྲུང་གོར་ཐོག་ཐེངས་དང་པོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། 2022ལོའི་ལོ་མགོར་པེ་ཅིང་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པའི་རྣམ་པ་སྔར་བཞིན་གསལ་བོར་དྲན། ད་ཐེངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་འདིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་བདེན་དཔང་བྱས། ངས་ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཏུ་མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་ཀྱི་ལྟ་བ་ལག་བསྟར་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་བར་ཡིད་སྨོན་བྱེད་ཀྱིན་ཡོད། 2016ལོའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་། དེ་ཕོ་ལན་དང་ཀྲུང་གོའི་བར་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལམ་ཚད་རྡོ་རིང་ལྟ་བུར་གྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་གྲོས་འགོ་བཏོན་པ་དེ་ནི་ཕོ་ལན་ལ་མཚོན་ན་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་མཉམ་ལས་བྱས་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱས་པ་དེས་ཕོ་ལན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཕོ་ལན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་རྨང་གཞི་བྱས་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོའི་ཡུན་རིང་ལོ་རྒྱུས་དང་གཏིང་ཟབ་རིག་གནས་ལ་ཚད་མཐོན་པོས་གཟེངས་བསྟོད་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་རྒྱུན་འཁྱོངས་བྱེད་པའི་ལྟ་བ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད། ཕོ་ལན་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། ཀྲུང་གོའི་ཕྱོགས་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་མཉམ་ལས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད། མཉམ་འབྲེལ་གཅིག་བརྟེན། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་། གསར་གཏོད་དང་། གཞི་གྲངས་དཔལ་འབྱོར། ནུས་ཁུངས་གསར་མའི་རླངས་འཁོར་སོགས་ཁྱབ་ཁོངས་གསར་བའི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཕོ་ལན་དུ་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་མང་པོས་འབྲེལ་འདྲིས་མཉམ་ལས་དམ་ཟབ་བྱེད་པ་དང་། ཕོ་ལན་དང་ཀྲུང་གོ་བར་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་བར་ཧུར་ཐག་སྒོས་བྱས་རྗེས་འཇོག་འདོད་ཡོད། སང་ལོའི་ལོ་སྟོད་ལ་ཕོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཚོགས་པའི་རེས་བསྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཕོ་ལན་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱེད་པར་མ་ཟད། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ཀྱི་ལངས་ཕྱོགས་ནི་བར་འདུམ་གྲོས་མོལ་དང་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པ་དེ་ཡིན། མིག་སྔར་འགལ་བ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་ལ། གནས་བབ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་ཞི་བའི་གྲོས་མོལ་གྱི་མཐུན་རྐྱེན་བསྐྲུན་དགོས། དེ་ཡོ་རོབ་གླིང་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་འཚམ་པོ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མི་ཁ་ཤས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་རྒྱུན་ལྡན་ཉོ་ཚོང་ལ་ཁ་གཡར་ནས་འགལ་བ་སྒྱུར་སྤྲོད་བྱེད་ཅིང་། ཀྲུང་གོར་ངན་ཁག་དཀྲི་བར་ངོ་རྒོལ་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་པའི་བྱ་བ་ཚང་མར་སྐུལ་མ་བཏང་ནས་རྒྱབ་སྐྱོར་བྱེད་ཅིང་། དོ་མཉམ་དང་། ནུས་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་ཡོ་རོབ་གླིང་གི་བདེ་འཇགས་སྒྲོམ་གཞི་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་རང་ཉིད་ཀྱི་བྱེད་ཐབས་སྤྱད་དེ་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་མཁོ་འདོན་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།
གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་སྣ་མང་གི་ཡིག་ཆར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས།
6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་མཛད། གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་སྣ་མང་གི་ཡིག་ཆར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས། འདི་ནི་ཞི་ཅིན་ཕིང་གིས་ཏུའུ་ཏཱར་ཕྱག་འཇུ་གནང་བའི་རྣམ་པ་རེད།
ཕྱོགས་གཉིས་ཀྱིས2024ལོ་ནས2027ལོའི་བར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པའི་འགུལ་སྐྱོད་འཆར་གཞི་སྤེལ།
གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་མདུན་གྱི་ཐང་ཆེན་དུ་ཏུའུ་ཏཱ་དང་ལྕམ་མོ་ཨཱ་ཅཱ་ཐཱ་གཉིས་ལ་དགའ་བསུའི་མཛད་སྒོ་བསྡུས།
6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཏུའུ་ཏཱ་དང་ལྕམ་མོ་ཨཱ་ཅཱ་ཐཱ་གཉིས་དང་མཉམ་པར་བསྐྱོན་པའི་ཚུལ་རེད།
6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་མདུན་གྱི་ཐང་ཆེན་དུ་ཏུའུ་ཏཱར་དགའ་བསུའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།
6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་མདུན་གྱི་ཐང་ཆེན་དུ་ཏུའུ་ཏཱར་དགའ་བསུའི་མཛད་སྒོ་བསྡུ་བའི་རྣམ་པ་རེད།
ཏུའུ་ཏཱ་ཡུལ་དངོས་སུ་འབྱོར་སྐབས། གུས་ཞབས་དམག་མི་གྲལ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་སྟེང་བུད་པ་དང་། དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཉེར་གཅིག་གཏོང་འཕེན་བྱས་པ་དང་། ཏུའུ་ཏཱ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཏུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པར་མ་ཟད་དམག་རིགས་རྣམ་འབྱེད་ཀྱི་མཛད་སྒོར་བལྟས།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཏུའུ་ཏཱ་བཟའ་ཟླ་གཉིས་ལ་སྣེ་ལེན་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་གྱི་བྱ་འགུལ་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།