སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བས་ཚེས25ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཡིས་མགོ་འཛིན་བྱས།
གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧོང་མེན་གྱིས་ཕུལ་བའི་ཐོལ་བྱུང་དོན་རྐྱེན་གྱི་ཐག་གཅོད་དོ་དམ་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ནས་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚོན་པེན་གྱིས་ཕུལ་བའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ནས་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཡོན་ཧྲུའུ་ཧོང་གིས་ཕུལ་བའི་རྒྱལ་ཁོངས་བརྒལ་བའི་རིམས་ནད་ཞིབ་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ནས་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུའུ་ཧོས་ཀྱིས་ཕུལ་བའི་རྩིས་གཉེར་བའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ནས་ཚོན་པེན་གྱིས་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧེ་ནན་རང་དབང་ཉོ་ཚོང་གྲུ་ཁའི་གནས་སྐབས་ལེགས་སྒྲིག་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པར་དབང་ཆ་སྟེར་བའི་འབྲེལ་ཡོད་ཆོད་དོན་གྱི་གྲོས་ཆོད་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ནས་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི་དངུལ་ལོར་གཏན་འཇགས་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ནས་ཞུའུ་ཧོས་ཀྱིས་ཕུལ་བའི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ནས་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞིན་ཁྲུན་ཡུན་གྱིས་ཕུལ་བའི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ནས་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཧོང་ཞང་གིས་ཕུལ་བའི་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རོང་ཁྱིག་གིས་དངུལ་ཆུའི་ཧྲོས་ཡུས་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་གྲོས་ཚོགས་ཐེངས་བཞི་བའི་གྲོས་ཆོད་ཨང་གསུམ་པ་སྟེ་དངུལ་ཆུའི་ཧྲོས་ཡུས་སྤྱི་ཆིངས་ཀྱི་ཟུར་གཏོགས་དང་པོའི་བཟོ་བཅོས་དེ་གྲོས་ཞིབ་ཆོག་མཆན་འགོད་དུ་སྤྲོད་པའི་སྐོར་གྱི་གྲོས་གཞིའི་གསལ་བཤད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཏུན་ལེ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕཱ་ནཱ་མཱ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཉེས་ཅན་ཕྱིར་སྤྲོད་པའི་ཆིངས་ཡིག་དེ་གྲོས་ཞིབ་ཆོག་མཆན་འགོད་དུ་སྤྲོད་པའི་སྐོར་གྱི་གྲོས་གཞིའི་གསལ་བཤད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་གྱིས2023ལོའི་ཀྲུང་དབྱང་སྔོན་རྩིས་སྐོར་གྱི་སྙན་ཞུ་ཕུལ།
གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུའུ་ཧོང་ཚེ་ཡིས་ཕུལ་བའི2023ལོའི་ཀྲུང་དབྱང་སྔོན་རྩིས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་ཧི་ཁའེ་ཡིས2023ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་འགྲོ་སོང་ཡོང་འབབ་གཞན་པའི་རྩིས་བཤེར་བྱ་བའི་སྐོར་གྱི་སྙན་ཞུ་ཕུལ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲིན་པུས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།
གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་ཕུལ་བའི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ནས་ད་རུང་བསྐོ་འཐེན་སོགས་ཀྱི་ནང་དོན་གཞན་པར་གྲོས་ཞིབ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།