ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲི་དང་དབྱར་ཁའི་ཏཱ་བོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནངས།
ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲི་དང་དབྱར་ཁའི་ཏཱ་བོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནངས།
ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲི་དང་དབྱར་ཁའི་ཏཱ་བོ་སི་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནངས།
ཞི་ཅིན་ཕིང་གིས་ཧྥན་མེན་ཀྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་རོང་ཧྥུའུ་ཀྲུང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལེན་རྣམ་གཉིས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱེད་པ་བརྒྱུད་སྒྲོག་གནང་རོགས་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ལོ་མཇུག་ཏུ་བདག་གིས་ཡའོ་ནན་དུ་འཚམས་འདྲི་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་མཉམ་དུ་འཐབ་ཇུས་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རིམ་གསར་བར་ཞུགས་པར་སྣེ་ཁྲིད་བྱས། ལོ་ཕྱེད་ལྷག་གི་རིང་ལ། ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་བདེ་བླག་ངང་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད། མིག་སྔར་འཛམ་གླིང་ཧྲིལ་བོར་འགྱུར་ལྡོག་ཆེན་མོ་འབྱུང་བཞིན་ཡོད་པ་དང་། ཀྲུང་གོ་དང་ཡའོ་ནན་གྱིས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་གཏན་འཇགས་ཡོང་བ་སྲུང་འཛིན་བྱས་ཡོད་ལ། དེ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་མཚོན་ཡོད། འཐབ་ཇུས་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་དགོས་མཁོ་དང་འཚམ་པ་དང་། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་བར་གྱི་འཐབ་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། སྔར་ལས་ལྷག་པ་དྲུག་གི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། མཐུན་སྒྲིལ་མཛའ་མཐུན་རྒྱུན་འཁྱོངས་དང་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱེད་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ། ལག་རྡང་སྦྲེལ་ནས་དེང་རབས་ཅན་ལ་བསྐྱོད་དེ། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕྱོགས་ཡོངས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་གཅིག་འབྲེལ་གཅིག་བརྟེན། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོ་སྐབས་གསར་བ་བསྐྲུན་ཐུབ་ངེས་རེད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་སྲུང་འཛིན་དང་མཉམ་དུ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་གཅིག་འབྲེལ་གཅིག་བརྟེན་གྱི་ཆུ་ཚད་དུ་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཀྱིས་ཡའོ་ནན་གྱི་དངུལ་གཏོང་ཇེ་མང་དུ་གཏོང་བར་སྐུལ་མ་གཏོང་བ་དང་། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་དྲང་བདེན། མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་དགོས། ཕྱོགས་གཉིས་ཀྱིས་ཏང་ཁག་གཉིས་ཀྱི་མཛའ་མཐུན་འགྲོ་འོང་གི་དམར་དམག་ཐོན་ཁུངས་བེད་སྤྱོད་བྱས་ཤིང་། མཐའ་མཚམས་ཞིང་ཆེན་གྱི་བརྗེ་རེས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་དང་། ཞིང་ལས་དང་སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་ལས་གཞི་ལག་བསྟར་བྱས་ཏེ། དམངས་ཁྲོད་དང་ན་གཞོན་སོགས་ཀྱི་བརྗེ་རེས་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ནས། ཀྲུང་གོ་དང་ཡའོ་ནན་གྱི་མཛའ་མཐུན་དམངས་མཐུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་ཀྱིས་མཚོ་ཐོག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་མཚོ་ཐོག་གི་ཐུན་མོང་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།
ཧྥན་མེན་ཀྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལེན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་བྱེད་པ་བརྒྱུད་སྒྲོག་གནངས། ཁོས་བསྟན་དོན། ཡའོ་ནན་དང་ཀྲུང་གོའི་བར་སྲོལ་རྒྱུན་གྱི་ཁྱིམ་མཚེས་མཛའ་མཐུན་ལྡན་པ་དང་། གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཡིན། ཡའོ་ནན་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག་ཕྱོགས་སོ་སོར་རླབས་ཆེ་བའི་གྲུབ་འབྲས་ཐོབ་པར་བླངས་ཡོད་པ་དང་། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཐད་འདོན་སྤེལ་བྱས་པའི་སྒུལ་ཤུགས་ནུས་པར་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་སྟོབས་ལྡན། དར་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཡའོ་ནན་གྱིས་མི་རིགས་སྒེར་ཚུགས་དང་རྒྱལ་ཁབ་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་གང་མང་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཅིང་། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོའི་ཐེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱེད་ལ། ཡའོ་ནན་དང་ཀྲུང་གོའི་འཐབ་ཇུས་ཡིད་ཆེས་དང་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དེ་ཡའོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་ཐོག་མའི་འཐབ་ཇུས་གདམ་གསེས་སུ་བྱེད་སྲིད་ལ། ཕྱི་ཕྱོགས་ཀྱི་ངན་སྐུལ་དང་ཐེ་གཏོགས་ཅི་ཡང་ཐེབས་མི་སྲིད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། ནན་ཏན་གྱིས་ཐེངས་འདིའི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དངོས་འབེབས་བྱེད་པ་དང་། སྔར་ལས་ལྷག་པ་དྲུག་གི་སྤྱིའི་དམིགས་འབེན་གཞིར་བཟུང་སྟེ། ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ན་གཞོན་བར་གྱི་བརྗེ་རེས་ལ་སྐུལ་མ་གཏོང་བ། དམངས་ཀྱི་འདོད་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་པ། འགལ་བ་ཐག་གཅོད་བཟང་བོ་བྱེད་པ་བཅས་བྱས་ཏེ། ཟོལ་མེད་ཀྱིས་འཐབ་ཇུས་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པར་སྐུལ་འདེད་གཏོང་དགོས་ཟེར།
ཝང་དབྱེ་མཇལ་འཕྲད་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།