ལིས་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2024.06.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 14

ལིས་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་བའི་སྙན་ཞུ་ལ་གསན།

ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱ་བའི་བཀོད་སྒྲིག་ལ་ཞིབ་འཇུག་བྱས་ནས་རྩལ་ནུས་འཇོན་མི་གསོ་སྐྱོང་བྱ་བར་ཤུགས་སྣོན་བྱེད་དགོས།

《ནད་གཡོག་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ནད་གཡོག་ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》དང《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོང་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིགབཟོ་བཅོས་འཆར་ཟིན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ6ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་ནས།  རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།  མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བའི་སྐོར་གྱི་སྙན་ཞུ་ལ་གསན་པ་དང་། ཕྱི་རྒྱལ་གྱི་མ་དངུལ་སྤྱོད་པའི་བྱ་བར་ཞིབ་འཇུག་བྱས་ཏེ་རྩལ་ནུས་འཇོན་མི་གསོ་སྐྱོང་བྱེད་པར་ཤུགས་སྣོན་བྱས་ནས།  གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་ཏེ།  《ནད་གཡོག་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ནད་གཡོག་ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》དང《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོང་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན།  རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་པའི་ཚུན་དུ། ས་ཁུལ་དང་སྡེ་ཁག་སོ་སོས་བྱ་སྤྱོད་ནུས་ལྡན་སྤེལ་བ་དང་ཕན་འབྲས་མངོན་གསལ་ཐོན་པས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་བཀོད་སྒྲིག་ལས་འགན་དོན་འཁྱོལ་དང་དམ་འཛིན་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྔར་ལས་ཚད་གཞི་མཐོ་བའི་སྒོ་ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་ལ། ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོང་གི་དམག་འཐབ་ལེགས་པོར་བརྒྱབ་སྟེ། ཡང་བསྐྱར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།  སྲིད་ཇུས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་ཐཱན་ཉུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མ་འཇོག་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བར་སྔར་ལས་ཟུང་འབྲེལ་ལེགས་པོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་རྣམ་པར་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན།  ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་ནང་འགུག་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། བྱེད་ཐབས་མང་པོ་སྤྱད་དེ་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡོང་བ་བྱེད་དགོས།  ཁྱབ་ཁོངས་གཙོ་བོའི་ཕྱི་ཕྱོགས་ཀྱི་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཚོད་འཛིན་བྱེད་ཐབས“མེད་པར་བཟོ་བའི”བླང་བྱ་དོན་འཁྱོལ་བྱས་ཏེ། རེས་སྐོར་གསར་བའི་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཚོད་ལྟའི་བྱེད་ཐབས་འདོན་དགོས།  སྲིད་ཇུས་ལག་བསྟར་ལེགས་སྒྱུར་བྱས་ཏེ་ཕྱི་རྒྱལ་དང་ནང་ཁུལ་གྱི་མ་དངུལ་ཁེ་ལས་ཀྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་།  སྲིད་གཞུང་གི་ཉོ་སྒྲུབ། མ་དངུལ་གཏོང་བ་ སོགས་ལ་གཅིག་མཚུངས་ཀྱི་ལྟ་སྟངས་འཛིན་པར་རྒྱབ་སྐྱོར་བྱེད་དགོས། མ་དངུལ་གཏོང་བ་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། སྨན་རྫས་དང་སྨན་བཅོས་ཡོ་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་སྲིད་ཇུས་ཇེ་ལེགས་སུ་གཏོང་བ། ཁྲལ་སྲུང་ཉམས་གསོའི་ལས་རིགས་གསར་པ་དང་རྣམ་པ་གསར་པ་རྒྱ་བསྐྱེད་པ་བཅས་བྱས་ནས་ཞབས་ཞུའི་འགན་སྲུང་ལམ་སྲོལ་སྔར་ལས་ཆེ་རུ་གཏོང་དགོས།  “ཀྲུང་གོར་མ་དངུལ་གཏོང་བའི”སྤུས་རྟགས་བསྐྲུན་ཏེ《ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བར་སྐུལ་སློང་བྱེད་པའི་ཐོན་ལས་དཀར་ཆག》གི་པར་གཞི་གསར་པ་བཟོ་བཅོས་དང་གསར་འགྲེམ་བྱས་ཏེ།  ཕྱི་རྒྱལ་གྱི་མི་སྣའི་བྱ་བ་སྟབས་བདེ་ཡོང་བར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། རྩལ་ནུས་འཇོན་མི་གསོ་སྐྱོང་ལ་ཤུགས་སྣོན་བྱེད་པ་དེ་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་བྱེད་པ་དང་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བར་གལ་འགངས་ཤིན་ཏུ་ཆེ། དགོས་མཁོའི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ལས་ཞུགས་ཁྲོམ་རར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  སློབ་གྲྭ་དང་ཁེ་ལས་བར་གྱི་སྦྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཁྲོམ་རར་དཀོན་པ་དང་ཁེ་ལས་ལ་མཁོ་བའི་རྩལ་ནུས་འཇོན་མི་སྔར་ལས་མང་བ་གསོ་སྐྱོང་བཅས་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ་དང་གསོ་སྦྱོང་ཁ་གསབ་སོགས་ཀྱི་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ།  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ལས་བཟོ་བ་སོགས་གཙོ་གནད་མི་ཚོགས་ལ་དམིགས་ནས་ལས་ཞུགས་ལ་ཞབས་ཞུ་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། གདན་ཞུའི་སྟེགས་བུ་དང་འཇོན་མིའི་ཁྲོམ་རའི་ནུས་པ་འདོན་སྤེལ་བྱས་ནས། མི་དང་ལས་གནས་འཚམ་པ་དང་མཁོ་སྤྲོད་སྙོམ་སྒྲིག་ཡོང་བར་སྔར་ལས་སྐུལ་འདེད་ལེགས་པོ་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན།  ནད་གཡོག་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ནད་གཡོག་ཞབས་ཞུ་ཇེ་ལེགས་སུ་གཏོང་རྒྱུ་ནི།  སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྐོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ནད་གཡོག་པའི་ལས་རིགས་ཀྱི་འགུག་ཤུགས་ཆེ་རུ་གཏོང་བ་དང་། གླ་ཕོགས་དང་སྒྲིག་གཞི། གོ་མིང་གོ་གནས་སྤར་རྒྱུ་སོགས་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། སྒྲིག་ཁོངས་ཕྱི་ནང་གི་ལས་ཀ་འདྲ་མཚུངས་དང་གླ་ཆ་འདྲ་མཚུངས་ཀྱི་ཐོབ་ཐང་དོན་འཁྱོལ་བཅས་བྱས་ཏེ། འཇོན་མི་སྔར་ལས་མང་པོ་ཞིག་ནད་གཡོག་པའི་ལས་གནས་ལ་ཞུགས་སུ་འཇུག་དགོས།

གྲོས་ཚོགས་ལས། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོང་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ཁྲིམས་དང་སྒྲིག་སྲོལ་ལྟར་གསང་སྲུང་ལས་དོན་ཡག་པོར་སྒྲུབ་ནས། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ་དང་འཐུས་ཤོར་དུ་མི་གཏོང་བ།  གསང་བ་ཕྱིར་ཤོར་བ་སོགས་ཀྱི་གྱོད་གཞི་མི་འབྱུང་བ་བྱེད་དགོས།  གསང་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་སྒྲོག་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས།  སྲོལ་ཡིག་ལ་གསལ་འགྲེལ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་རྟོགས་ཀྱིས་རྒྱལ་ཁབ་ཀྱི་གསང་བ་སྲུང་བའི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།