ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་། ཀྲུང་དབྱང་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་ཁང་དུ་གསར་དུ་གདན་ཞུ་བྱས་པའི་ལས་བྱེད་མི་སྣར་གདན་ཞུ་ཡི་གེ་གནང་བར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཚན་ཧྲི་དང་ལས་བྱེད་མི་སྣའི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་མང་ཙམ་འབུལ་དགོས་པ་ནན་བཤད་གནང་།
2024.06.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 23

ཟླ6ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གསར་དུ་གདན་ཞུ་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ལིའུ་ཧྲི་དང་ཁྲང་ཅི་ལི། ལི་ཀྲོའུ་པེན། དབྱི་ཀྲུང་ལིས། ལུའུ་ཆི། ཀྲང་ཕིང་། ལིའུ་ཝུའེ་ཏུང་དང་། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་བྱེད་མི་སྣ་སུན་ཞའོ་ཡུན་དང་། ཀྲང་ཕེན། ཀྲའོ་ཏིན་དབྱང་། རུང་ཞིན་ཅང་། ཝན་ཅན་ཀྲུང་བཅས་ལ་གདན་ཞུའི་ཡི་གེ་སྤྲད་པ་རེད།

ཟླ6ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གསར་དུ་གདན་ཞུ་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ལིའུ་ཧྲི་དང་ཁྲང་ཅི་ལི། ལི་ཀྲོའུ་པེན། དབྱི་ཀྲུང་ལིས། ལུའུ་ཆི། ཀྲང་ཕིང་། ལིའུ་ཝུའེ་ཏུང་དང་། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་བྱེད་མི་སྣ་སུན་ཞའོ་ཡུན་དང་། ཀྲང་ཕེན། ཀྲའོ་ཏིན་དབྱང་། རུང་ཞིན་ཅང་། ཝན་ཅན་ཀྲུང་བཅས་ལ་གདན་ཞུའི་ཡི་གེ་སྤྲད། པར་འདི་ནི་གདན་ཞུའི་ཡི་གེ་སྤྲད་རྗེས་ལིས་ཆང་གིས་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན། 

གདན་ཞུའི་ཡི་གེ་གནང་རྗེས། ལིས་ཆང་གིས་གསུང་བཤད་གལ་ཆེན་གནང་། ཁོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་ཧྲི་དང་། ལས་བྱེད་མི་སྣར་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་དང་། རེ་བ་ཟབ་མོ་ཡང་བཅོལ་ཡོད། ད་ལོ་ནི་སྲིད་གཞུང་གི་སྲིད་ཞུགས་ལམ་ལུགས་བཙུགས་ནས་ལོ75འཁོར་བ་དང་རིག་གནས་ལོ་རྒྱུས་ཁང་གི་ལས་བྱེད་མི་སྣའི་ལམ་ལུགས་བཙུགས་ནས་ལོ73འཁོར་བའི་ལོ་རེད། ལོ་ངོ70ལྷག་ཙམ་གྱི་རིང་། རྒྱ་ཆེའི་སྲིད་ཞུགས་མི་སྣ་དང་ལས་བྱེད་མི་སྣས་དམིགས་བསལ་གྱི་ནུས་པ་བཏོན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་འཇོག་བཞག་ཟེར།

ལིས་ཆང་གིས་ཚན་ཧྲི་དང་ལས་བྱེད་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་རེ་བ་བཏོན་ཡོད་དེ། གཅིག་ནི“བློ་འདོན་ཚོགས་པ”ཡག་པོ་ཞིག་བྱེད་དགོས། མིག་སྔར་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཡང་ན་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ མགྱོགས་པོ་གཏོང་བ་གང་ཡིན་རུང་། དཀའ་གནད་མང་པོ་ཞིག་སེལ་དགོས། ཚན་ཧྲི་དང་ལས་བྱེད་མི་སྣས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། བརྟག་དཔྱོད་ཞིབ་འཇུག་གཏིང་ཟབ་སྒོས་སྤེལ་བ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་དངོས་ལ་ཤེས་རྟོགས་མང་པོ་བྱེད་པ། དུས་ཐོག་ཏུ་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་མཚོན་པའི་སྲིད་གཞུང་གི་ལས་དོན་ཡག་པོར་བསྒྲུབ་ཆེད་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱེད་དགོས ། གཉིས་ནི“རིག་གནས་ཀྱི་མིང་བྱང་”ལེགས་པོར་སྐྲུན་དགོས། ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་དེར་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཏིང་ཟབ་པའི་བསམ་པའི་འཚོལ་སྙེག་འདུས་ཡོད་པ་མ་ཟད། ད་ལྟའི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་པའི་བློ་གྲོས་གལ་ཆེན་ཡང་འདུས་ཡོད། ཚན་ཧྲི་དང་གལས་བྱེད་མི་སྣས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་བ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མཁན་དང་། རིག་གནས་རྩེ་གྲ་གསར་གཏོད་བྱེད་མཁན། རིག་གནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་མཁན་བཅས་བྱས་ནས་རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་དུ་མཐོར་འདེགས་གཏོང་བར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན། གསུམ་ནི“གཅིག་སེམས་གཅིག་སྦྲེལ་གྱི་ཟམ་པ་”ལེགས་པོར་སྐྲུན་དགོས། རང་རྒྱལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འདི་ནི་དཀའ་ཚེགས་ཆེ་ཞིང་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་རྣམས་དང་སྐྱིད་སྡུག་མཉམ་འདེགས་དང་ཇུས་ཤུགས་མཉམ་འདོན་བྱ་དགོས་པ་ཞིག་རེད། ཚན་ཧྲི་དང་ལས་བྱེད་མི་སྣ་རྣམས་ཀྱིས་རྒྱ་ཆེར་འབྲེལ་གཏུག་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས་པ་དང་། ཚང་མས་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་དང་། ལས་རིགས་སོ་སོའི་གྲོགས་པོ་མང་པོ་སྒྲིག་པ་དང་ཐུན་མོང་གི་ངོས་ཟིན་རྒྱ་ཆེར་གཅིག་བསྡུས་བྱས་ཏེ། མི་སྔར་ལས་མང་པོས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་བར་སྐུལ་ཁྲིད་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྲོས་ཚོགས་སུ་ཞུགས་པ་དང་། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཀྲིན་ལུང་གིས་གདན་ཞུའི་མིང་ཐོ་ཁྱབ་སྒྲོག་བྱས།

ཚེ་རིང་སྒྲོལ་མས་བསྒྱུར།