ཝང་དབྱི་ཡིས་ཡའོ་ནན་གྱི་ཕྱི་འབྲེལ་པུའུ་ཀྲང་ཕེ་ཆིན་ཧྲན་དང་མཇལ་འཕྲད་གནང་།
2024.06.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ཟླ6ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཡའོ་ནན་གྱི་ཕྱི་འབྲེལ་པུའུ་ཀྲང་ཕེ་ཆིན་ཧྲན་དང་མཇལ་འཕྲད་གནང་།

ཝང་དབྱི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཧྥན་མེན་ཀྲིན་དང་མཇལ་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་མཛའ་མཐུན་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་སྒོ་ནས་འབྲེལ་འདྲིས་ཟབ་མོ་གནང་བ་དེ་ཡིས་ཀྲུང་གོ་དང་ཡའོ་ནན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡའོ་ནན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བའི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་པར་བསྔགས་བརྗོད་བྱས་པ་དང་། ཀྲུང་གོས་ཡའོ་ནན་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འགོ་ཁྲིད་པས་བཞག་པའི་ཐུན་མོང་ངོས་ཟིན་གལ་ཆེན་དངོས་འབེབ་བྱེད་འདོད་ཡོད་ཟེར།

ཕེ་ཆིན་ཧྲན་གྱིས་ཡའོ་ནན་ཕྱོགས་ཀྱིས་དུས་ནམ་ཡང་ཀྲུང་གོ་ཡའོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་སྔོན་མ་དང་འཐབ་ཇུས་གདམ་གསེས་ཞིག་ཏུ་བརྩི་བཞིན་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཚེ་རིང་སྒྲོལ་མས་བསྒྱུར།