ཟླ6པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས། རང་ཞིང་གིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པར་ཞིབ་འཇུག་བྱས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྐུ་དངོས་སུ་འཆར་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་གནང་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་དང་། སྣེ་འདྲེན་ཁྲིད་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་ཆེས་ཕུན་སུམ་ཚོགས་པ་དང་། ཆེས་ཆ་ཚང་བ། ཆེས་རྒྱུད་རིམ་ལྡན་པ་བཅས་ཀྱི་བཅོས་སྒྱུར་བྱེད་ཐབས་ཀྱི་རྣམ་བཤད་ཅིག་གྲུབ་པར་བྱས་ཡོད། དེ་ནི་དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལས་དོན་ཡག་ པོར་སྒྲུབ་པའི་རྩ་བའི་བསྲུང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་གནང་ཡོད་ལ། རྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་དོ་ཁུར་གནང་སྟེ། གཏིང་ཟབ་སར་སྐྱོད་ཕོད་པ་དང་། སྙིང་རུས་ཆེན་པོ་སྐྱེད་ཐུབ་པ་བྱས་ནས། ང་ཚོས་སྐྱོད་ལམ་གསར་པའི་སྟེང་བློ་སྟོབས་ཆེན་པོས་བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་པ་འབྲི་བར་ཚན་རིག་དང་མཐུན་པའི་བྱེད་ཐབས་འདོན་སྤྲོད་དང་ལག་ལེན་གྱི་ཐབས་ལམ་གསལ་སྟོན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཐེངས་ཤིག་བྱས་པ་ཡིན་ལ། མ་འོངས་པའི་ལོ་ལྔ་དང་ཐ་ན་དེ་ལས་རིང་བའི་དུས་སྐབས་ཤིག་གི་ལས་དོན་ལེགས་པོར་སྒྲུབ་པར་ཤུགས་རྐྱེན་གཏིང་ཟབ་ལྡན་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་དང་། རྒྱུན་འཁྱོངས་དྲུག་གི་རྩ་དོན་སོགས་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། བཅོས་སྒྱུར་གྱི་འགག་རྩའི་བྱེད་ཐབས་ཡག་པོ་སྤྱད་དེ་བཅོས་སྒྱུར་གྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་དཀའ་གནད་སེལ་དགོས། དུས་མཚུངས་སུ་ཚོགས་འདུ་མ་འཚོགས་གོང་དང་། ཚོགས་འདུ་འཚོགས་སྐབས། ཚོགས་འདུ་གྲོལ་རྗེས་བཅས་ཀྱི་དུས་རིམ་གསུམ་ལ་དམིགས་ནས་རང་ཞིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་བྱ་བའི་ལས་འགན་སྣ་ཚོགས་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱས་ཏེ། རང་ཞིང་གི་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དང་འབྲེལ་བ་ཡོད་པའི་བྱེད་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ནས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་ཀུའུ་ཐེན་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་རྗེས་སུ་བསྡུས་པའི་དམག་ཡོངས་ཀྱི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། ཆབ་སྲིད་དག་ཐེར་གྱི་གྲོས་ཚོགས་ཐེངས་ཤིག་ཡིན་པས། བརྗོད་དོན་གསལ་ཞིང་དོན་སྙིང་གལ་ཆེན་ལྡན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པའི་ཆབ་སྲིད་དམག་འཛུགས་ཀྱི་ཐབས་ཇུས་ཀྱི་གཏན་འཁེལ་བཅུའི་ནང་དོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་སྟེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གིས་རང་ངོས་གསར་བརྗེ་བྱེད་པ་དེ་ནམ་ཡང་ལམ་དུ་ཡོད་པ། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ཀྱི་མདུན་དུ་འགེབས་སྲུང་མེད་པ་བཅས་མཐོང་ཐུབ་དགོས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་སྔར་ལས་རང་འགུལ་ངང་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ། དམག་དཔུང་དང་ས་གནས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་སྔར་ལས་ཞབས་ཞུ་ཡག་པོ་བྱེད་དགོས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔ་པའི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་བའི་མ་ལག་ལྔ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། རང་ཞིང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཛུགས་པ་དང་། བླང་བྱ་ཡོངས་དང་། གཞི་རྩའི་དགོངས་གཞི། བཅོས་སྐྱོང་བཅས་ཀྱི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། ལམ་ལུགས་འཛུགས་སྐྲུན་བྱེད་པ་དེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཏང་ཨུས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང་། སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་འགན་འཁྲི་ལག་བསྟར་ཡག་པོ་བྱས་ནས། ཏང་ཀྲུང་དབྱང་གི་སྲིད་བཀའ་ཐོགས་མེད་དང་གང་གསུང་དེ་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་ཐན་འགོག་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་འབྲུབ་འགོག་ཐན་འགོག་ལས་དོན་གྱི་བརྒྱུད་རིམ་སོ་སོར་དོན་འཁྱོལ་ཡག་པོ་བྱས་ཏེ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཚད་མཐའི་བསམ་གཞིགས་སྲ་བརྟན་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་བྱེད་པ། མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཇུས་སྔོན་འགོད་དང་སྔོན་བརྡ་གཏོང་བར་དམ་འཛིན་ཏན་ཏིག་བྱེད་པ། འགན་འཁྲི་དོན་འཁྱོལ་ཏན་ཏིག་བཅས་བྱས་ནས། འབྲུབ་འགོག་ཐན་འགོག་དང་གནོད་འགོག་གནོད་སེལ་གྱི་ལས་དོན་སྣ་ཚོགས་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞར་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཉིན་ཞ་ཞིང་ཆེན་གཉིས་ལ་རྟོག་ཞིབ་གནང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་གཞི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད། མཚོ་སྔོན་དང་ཉིན་ཞ་གཉིས་ནི་ནུབ་རྒྱུད་ས་ཁུལ་དང་། མི་རིགས་ས་ཁུལ། སྐྱེ་ཁམས་སྲུང་སྐྱོབ་གཙོ་གནད་ས་ཁུལ་བཅས་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་ལ་བཏོན་པའི་བླང་བྱ་གལ་ཆེན་གྱིས་མཚོ་སྔོན་གྱི་བྱ་བ་ལེགས་པོར་སྒྲུབ་པ་ཡང་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས། གཞི་གཅིག་ཏུ་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན། ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གིས་ལག་བསྟར་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་ནས་བསྟན་དོན། ཐེངས་དེའི་ཚོགས་ཆེན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚན་རྩལ་གྱི་ཚོགས་ཆེན་ཐེངས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འཛམ་གླིང་གི་ཚན་རྩལ་གསར་བརྗེའི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། རྒྱུན་འཁྱོངས་བརྒྱད་ཀྱི་ཉམས་མྱོང་གལ་ཆེན་ནན་བཤད་དང་། གཙོ་གནད་ལས་འགན་ལྔ་བཀོད་སྒྲིག་བྱས་ཤིང་། 2035ལོར་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་བསྐྱར་སྒྲོག་བྱས་ནས། དུས་རབས་གསར་པའི་ཚན་རྩལ་ལས་དོན་ཡག་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། མཐོ་ས་བསྐྲུན་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། ཚན་རྩལ་གསར་སྐྲུན་གྱི་འཐབ་ཇུས་འདེགས་སྐྱོར་ཆེ་རུ་གཏོང་བ་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་སྒྱུར་གཉིས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། སློབ་གསོ་ཚན་རྩལ་དང་ཤེས་ལྡན་མི་སྣའི་ཐད་ཤུགས་སྣོན་ཆེན་པོ་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་རིག་མཁས་དབང་གིས་འགན་འཁུར་བའི་ལམ་ལུགས་དང་མིག་དཔེ་འདོན་པ་སོགས་ཀྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་སྟེང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། བརྗོད་དོན་སློབ་གསོ་ལས་གྲུབ་པའི་ཉམས་མྱོང་དང་བྱེད་ཐབས་བཀོལ་སྤྱོད་ཡག་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་རྒྱུན་ལྡན་གྱི་བྱ་བའི་ཁྲོད་འདྲེས་པར་བྱས་ནས་རྒྱུན་དུ་དམ་འཛིན་བྱེད་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་དང་རྒྱུན་རྣམ་ཡུན་ཕན་བཅས་ཀྱི་ཐད་ནུས་ཤུགས་འདོན་པ། ལས་བྱེད་པས་ལས་ལ་འབད་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ་བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
གྲོས་ཚོགས་སྟེང་། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ2024ལོའི་ཟླ7པའི་ཟླ་དཀྱིལ་དུ་ཟི་ལིང་དུ་འཚོགས་རྒྱུ་ཐག་བཅད།
གྲོས་ཚོགས་སྟེང་། 《མཚོ་སྔོན་ཞིང་ཆེན་གྱིས་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས་པར་མ་ཟད། ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།