ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་སྒྲིག་ཁྲིམས་ཤེས་པར་བྱས་ཏེ་ཐོག་མའི་སེམས་འདུན་མི་བརྗེད་པར་འབད་འཐབ་མདུན་སྐྱོད་བྱ་དགོས།
2024.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་མང་བོ་བཀུག་ནས་ལྟ་སྐོར་བྱེད་དུ་བཅུག ཚང་མས་རྩ་ཆེ་བའི་ལོ་རྒྱུས་རྒྱུ་ཆ་དང་རིག་དངོས་ཁྲོད་ནས་བྱ་སྤྱོད་བཟང་བོ་རྒྱུན་འཛིན་བྱས་ཏེ་ཐོག་མའི་སེམས་འདུན་མི་བརྗེད་པར་འབད་པས་མདུན་སྐྱོད་བྱེད་པའི་སྤོབས་པ་ཇེ་མཐོར་སོང་།

ལོ་ངོ་བརྒྱའི་དཀའ་སྤྱད་ཀྱི་ལོ་ཟླའི་ནང་གི་དམར་དམག་གི་གཞི་རྒྱུ་རྒྱུད་འཛིན་བྱེད་དགོས། ཏང་གི་ལོ་རྒྱུས་འགྲེམ་སྟོན་ཚོམས་ཆེན་དུ། ལྟ་སྐོར་བ་ཚོས་ཕུན་སུམ་ཚོགས་པའི་འགྲེམ་སྟོན་དངོས་པོའི་ཁྲོད་ནས་ལོ་རྒྱུས་བསྐྱར་སྦྱོང་དང་འབད་འཐབ་ཀྱི་སྟོབས་ཤུགས་བསྡུས་ཡོད།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཚུན་ལ། ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གིས་ཆེད་དུ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ཐད་ཀྱི་འགྲེམ་སྟོན་ནང་དོན་ལེགས་སྒྲིག་བྱས་པར་མ་ཟད། ལྟ་སྐོར་བ་རྣམས་ལ་དེ་གནད་སར་བཟུང་ནས་འགྲེལ་བརྗོད་བྱས།

ཏང་གི་ཚོགས་ཆེན་ཐེངས་དང་པོའི་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་དང་གྲོས་ཆོད་ཐོག་མར་གྲོས་མཐུན་བཀོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་གཉིས་པ་ནས་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ཏུ་ཆེད་དུ་སྒྲིག་ལམ་གྱི་ལེའུ་བཀོད་པ། དེ་ནས1926ལོར་ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སྟེང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཡིག་ཆ་ཐོག་མ་སྤེལ་བ་དང་། ཅིན་ཀང་རི་བོའི་འཐབ་འཁྲུག་དུས་སྐབས་ཀྱི་དམར་དམག་འཐབ་མོ་བའི་ཀོ་ཁུག་སྟེང་གི་མཉམ་འཇོག་བྱ་དགོས་པ་དྲུག དེ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་གཏན་འཁེལ་བརྒྱད་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་དྲིལ་སྒྲོག་རྩིག་ངོས་སོགས་རྩ་ཆེ་བའི་རིག་དངོས་དང་ཡིག་ཚགས་རྒྱུ་ཆ་རེ་རེ་ལས་རྒྱ་ཆེའི་ལྟ་སྐོར་བ་དག་ལ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འོད་སྟོང་འབར་བའི་ལོ་རྒྱུས་དངང་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལོན་པར་བྱས།

བསྡོམས་རྩིས་བྱས་པ་ལྟར་ན། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཚོགས་ཁག་སྟོང་ཕྲག་ལྷག་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དུ་ཡོང་ནས། ལོ་རྒྱུས་ཀྱི་ཤེས་རྟོགས་ཁྲོད་ནས་སྒྲིག་སྲུང་གི་རང་རྟོགས་ཇེ་དྲག་ཏུ་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།