
ཟླ6ཚེས28ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་བརྡ་ཁྱབ་ཚོགས་འདུ་བསྡུས་ནས། ཏང་ཕྱིའི་མི་སྣར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྡ་ཁྱབ་བཏང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པད་ཁོ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།
ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་སྟེ། རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྤྲོ་སེམས་དང་ངར་ཤུགས་དེ་དངོས་སྒྲུབ་འཁུར་ལེན་གྱི་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་བ་དང་། གོམ་པ་རེ་རེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་བརྗིད་ཉམས་ལྡན་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དངོས་ཡོད་དུ་འགྱུར་བར་བྱེད་རྒྱུ་ཡིན་ཞེས་བསྟན།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ཡག་པོ་བྱ་རྒྱུ་ནི། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བྱས་ཏེ། རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཁོངས་མི་དང་འབྲེལ་ཡོད་མང་ཚོགས་ཁྲོད་དུ་སློབ་སྦྱོང་གི་རྣམ་པ་བཟང་བོ་ཞིག་བསྐྲུན་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཅངས་བའི་མངགས་བཅོལ་ཆེན་པོར་གོ་བ་ཟབ་མོ་བླངས་ནས། འཐབ་ཕྱོགས་གཅིག་གྱུར་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་བྱེད་པ་དེ་ཀྲུང་གུང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་དང་། བཀོད་སྒྲིག་གལ་ཆེན་དང་བྱེད་ཐབས་གལ་ཆེན་བཅས་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་ལེགས་པོ་འདོན་པ་དང་། བྱེད་ཐབས་དངོས་འདོན་པ། བྱས་རྗེས་འཇོག་པ་བཅས་བྱེད་དགོས། འབྲེལ་ཡོད་ཁོངས་མི་དང་མང་ཚོགས་ལ་ཁྲིད་སྟོན་དང་སྐུལ་སློང་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་བླང་བྱའི་སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ་དང་། དམངས་སེམས་དང་དམངས་ཀྱི་འདོད་བློ་དང་མཐུན་པའི་རེ་འདུན་ཆེ་ཤོས་མཚོན་པར་བྱེད་དགོས། དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱས་ནས། སྒྲིག་ཁྲིམས་ཤེས་རྟོགས་དང་སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་བརྩི་སྲུང་བཅས་ཀྱི་ཐད་མིག་དཔེ་གསར་བ་བསྐྲུན་དགོས།
ལིའུ་ཐུང་ཏི་དང་། ཝང་ཡན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའོ་ཞང་བཅས་ཚོགས་འདུར་ཞུགས། དམངས་གཙོའི་ཏང་ཁག་སོ་སོ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན། ཏང་ཁག་གང་ལའང་མི་གཏོགས་པ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་ཚོགས་འདུར་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།