རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་མིང་བཀོད་དེ། 2024ལོའི་ཟླ7པའི་ཚེས1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་བཅའ་ཁྲིམས་ཀྱི་ཐོ་འགོད་མ་རྩའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་གཏན་ཁེལ་ཁྱབ་བསྒྲགས་བྱས་པ་དང་། ཁྱབ་བསྒྲགས་བྱས་པའི་ཉིན་དེ་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། གཏན་ཁེལ་ལ་བསྡོམས་པས་དོན་ཚན13ཡོད་པ་དང་། གཙོ་བོར་གཤམ་གྱི་ནང་དོན་གསུམ་འདུས་ཡོད་དེ།
གཅིག་ནས་འཁོར་རྒྱུག་བྱེད་བཞིན་པའི་ཀུང་ཟིའི་དངུལ་འདོན་དུས་བཀག་ལེགས་སྒྲིག་བྱེད་པའི་བར་བརྒལ་དུས་སྐབས་ཀྱི་བཀོད་སྒྲིག་གཏན་ཁེལ་གསལ་བོ་བྱེད་པ་དང། གཉིས་ནས་ཀུང་ཟིའི་དངུལ་འདོན་རྒྱུན་ལྡན་མིན་པའི་ཐག་གཅོད་ལ་གཏན་ཁེལ་བྱེད་པ། གསུམ་ནས་ལྟ་སྐུལ་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་ཡིན་པ་དང་། དེ་ལས་གཞན། གཏན་ཁེལ་ཀྱིས་ཀུང་ཟིའི་ཐོ་འགོད་ལས་ཁུངས་ཀྱིས་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། ལག་བསྟར་ཕྱོགས་སྟོན་གཏན་འབེབས་བྱེད་པ། ལུགས་སྒྲུབ་བརྒྱུད་རིམ་ལེགས་བསྒྱུར་བྱས་ནས། ཐོ་འགོད་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།