
ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏོང་དགོས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔ་པའི་སྟེང་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཚུར་སྣང་དྲག་པོ་བྱུང་།
“བདུན་གཅིག”གི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔ་པར་མགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་སྟེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་མཛད། ས་གནས་སོ་སའི་ཏང་ཡོན་དང་ལས་བྱེད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་གཏིང་ཟབ་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་འགན་ལེན་བརྟན་པོ་བྱེད་དགོས་པར་བསྟན།
ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ103འཁོར་བའི་སྐྱེས་སྐར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་མཛད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོའི་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་བཙུགས་ཏེ་ལོ་བརྒྱའི་ཏང་ཆེན་པོའི་རང་ཉིད་གསར་བརྗེ་ཡི་གོ་རྟོགས་གསར་པ་བཏོད་ཡོད།
ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩ་འཛུགས་མ་ལག་དང་སློབ་གསོའི་མ་ལག ལྟ་སྐུལ་དོ་དམ་མ་ལག ལམ་ལུགས་མ་ལག འགན་འཁྲིའི་མ་ལག་བཅས་ཕྱོགས་ལྔའི་ཐད་ནས་བཀོད་སྒྲིག་གནང་ཡོད།
གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་མ་ལག་ནི་ང་ཚོའི་ཏང་གི་དགེ་མཚན་དང་སྟོབས་ཤུགས་གནས་ས་ཡིན། ཆུ་ལོག་ཆེ་བའི་དུས་ཚིགས་སུ་སླེབས་པ་ནས་བཟུང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་འབྲུབ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་གདོང་མཆོང་བྱས་ཏེ། ཆར་རླུང་གི་ཁྲོད་དུ་འགན་འཁྲི་གསལ་བོར་བྱས་ཤིང་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་མགོ་ཁྲིད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
རྩ་བ་བརྟན་ཞིང་གསོ་སྐྱོང་བྱེད་པ་དང་བློ་སེམས་གཅིག་ཏུ་སྒྲིམ་པའི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། མིག་སྔར་ས་གནས་སོ་སོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད། ཚང་མས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་ནས་ཏང་ཡོན་དང་ལས་བྱེད་པར་ཏང་གཤིས་ཇེ་དྲག་དང་སྒྲིག་ཁྲིམས་ནན་མོ། སྤྱོད་ཚུལ་སྦྱོང་བརྡར་བཅས་ཟུང་འབྲེལ་བྱས་ནས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་འདྲེས་པར་བྱས་ཏེ་གོམས་གཤིས་སུ་འགྱུར་བར་ཁྲིད་སྟོན་བྱེད་དགོས་པར་བསྟན།
ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི“དོ་དམ་”དང“ནན་མོ”གཉིས་ལ་སོ་སོར་ལྟ་སྐུལ་གྱི་ནང་དོན་འདུས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནད་ལ་འཁེལ་བའི་ནུས་པ་བཏོན་ནས་ནད་གཞི་མཉམ་བཅོས་བྱེད་པའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་ཁག་སོ་སོས“གལ་ཆེན་གསུམ་དང་ཆེ་བ་གཅིག”གི་བྱ་བ་སོགས་ཐད་ཀྱི་ལྟ་སྐུལ་དམ་འཛིན་བྱས་ནས་ལྟ་སྐུལ་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་ལ་ཕན་ནུས་ལྡན་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་གསལ་ཞིང་བླང་བྱ་གསལ་བོ་ཡིན་པའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་ནན་གྱིས་གསུངས། ཚང་མས་བསྟན་དོན། དུས་ཐོག་ཏུ་ཉམས་མྱོང་དང་བྱེད་སྟངས་ལེགས་པོ་ཕྱོགས་སྡོམ་གང་ལེགས་བྱས་ནས་སྣེ་ཁྲིད་དེ་འགན་འཁྲི་ཤེས་པ་དང་འགན་འཁྲི་འཁུར་བ་འགན་འཁྲི་ལག་བསྟར་བྱེད་དགོས།
ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེ་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ང་ཚོའི་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱེད་ཐུབ་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་ཆེན་པོའི་སྣེ་ཁྲིད་དེ་རླབས་གཤག་མདུན་སྐྱོད་བྱེད་དགོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།