ཞི་ཅིན་ཕིང་གིས་ཨ་རིའི་ན་གཞོན་ལོ་ཆུང་གི“ལང་ཚོ་དང་མཉམ་དུ་བསྐྱོད”ཅེས་པའི་བརྗེ་རེས་ཚོགས་པར་འཕྲིན་ཡིག་བསྐུར།
2024.07.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

ཟླ7པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ན་གཞོན་ལོ་ཆུང་གི“ལང་ཚོ་དང་མཉམ་དུ་བསྐྱོད”ཅེས་པའི་བརྗེ་རེས་ཚོགས་པར་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨའི་འབྲེལ་བའི་རེ་བ་ནི་མི་དམངས་ལ་རག་ལས་ཡོད་པ་དང་། རྨང་གཞི་ནི་དམངས་ཁྲོད་ན་ཡོད་ལ། འབྱུང་འགྱུར་ནི་གཞོན་ནུ་ལ་རག་ལས་ཡོད་པར་མ་ཟད། གསོན་ཤུགས་ནི་ས་གནས་ལ་རག་ལས་ཡོད་པས། ཁྱེད་ཚོས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ནས་ཀྲུང་གོར་ཤེས་རྟོགས་དང་། ཀྲུང་གོར་མྱོང་རོལ། ཀྲུང་གོར་རྒྱུས་ལོན་བྱེད་པ་དང་། ཀྲུང་གོའི་ན་གཞོན་ལོ་ཆུང་དང་བརྗེ་རེས་མཉམ་འགུལ་བྱས་ཏེ་སྤུན་ཟླ་དང་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་གྲོགས་པོར་འགྱུར་བའི་ཟམ་པ་སྔར་ལས་མང་པོ་བསྐྲུན་ཏེ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཨ་མེ་རི་ཁའི་ན་གཞོན་ལོ་ཆུང་གི“ལང་ཚོ་དང་མཉམ་དུ་བསྐྱོད”ཅེས་པའི་བརྗེ་རེས་ཚོགས་པ་ནི་ཨ་མེ་རི་ཁའི་ཁུལ7གྱི་སློབ་འབྲིང14ཡི་དགེ་སློབ་འཐུས་མི190ཙམ་ལས་གྲུབ་པ་དང་། ཀྲུང་གོའི་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་གདན་ཞུ་དང་སྣེ་ལེན་བྱས་པ་རེད།

ཤ་བོ་གསེར་མཚོས་བསྒྱུར།