ཟླ7པའི་ཚེས2ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྩོམ་རིག་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་རྩོམ་རིག་སྨྱུག་ཚོགས་དེ་ཟི་ལིང་དུ་འཚོགས་མགོ་བརྩམས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་རྩོམ་རིག་སྨྱུག་ཚོགས་འཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཀྲུང་གོའི་རྩོམ་རིག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པའེ་ཀིན་ཧྲིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥུན་ཁྲུན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་བཅས་མགོ་རྩོམ་མཛད་སྒོར་ཞུགས།
དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་གཞག་འཕེལ་རྒྱས་སྐོར་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་བརྟེན་ནས། མཚོ་སྔོན་གྱི་གྲངས་ཉུང་མི་རིགས་རྩོམ་རིག་གི་དྲི་བསུང་ཕྱོགས་བཞིར་ལྡང་ཞིང་། མཚོ་སྔོན་གྱི་རྩོམ་རིག་བྱ་གཞག་གི་ཁྱད་ཆོས་དང་བཀྲག་མདངས་གསར་བར་གྱུར་ཡོད། མཚོ་སྔོན་གྱི་མི་རིགས་སོ་སོའི་རྩོམ་པ་པོས་རྩོམ་རིག་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེའི་ཟམ་པ་བསྐྲུན་ནས་མི་རིགས་སོ་སོའི་སེམས་པ་གཞི་གཅིག་ཏུ་འདྲེས་པར་བྱས། རྩོམ་རིག་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བ་ལེགས་པོར་སྒྲུབ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་པར་རྩོམ་རིག་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཐེངས་འདིའི་རྩོམ་རིག་སྨྱུག་ཚོགས་ནི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བྱེད་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག་ཡིན་ལ། མཚོ་སྔོན་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི”གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན། ཉིན5ཡི་བྱ་འགུལ་གྱི་ནང་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་མི་རིགས17གྱི་རྩོམ་པ་པོ་གྲགས་ཅན་དང་རྩོམ་སྒྲིག་པའི་དཔྱད་གཏམ80ལྷག་ཙམ་གྱིས་གྲོང་ཁྱེར་དང་ཁུལ་སོ་སོ་རུ་བརྗོད་དོན་གཙོ་བོའི་རྩོམ་རིག་བཅར་འདྲི་གསར་རྩོམ་བྱས་ཏེ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རི་གྲོང་གི་འགྱུར་ལྡོག་ཆེན་པོ་དང་རིགས་སོ་སོའི་མི་དམངས་གྱི་མཐུན་སྒྲིལ་འབད་འཐབ་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་ཤེས་རྟོགས་དང་རོལ་མྱོང་བྱས་ཏེ། སྨྱུ་གུ་ལ་བརྟེན་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་བརྗོད། རྩོམ་རིག་སྨྱུག་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ཁྲོད་དུ། ད་དུང་ལུའུ་ཞུན་རྩོམ་རིག་གླིང་གི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི”མི་རིགས་སོ་སོའི་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། བརྗོད་དོན་གཙོ་བོའི་རྩོམ་རིག་གསར་རྩོམ་གྲུབ་འབྲས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་རྩོམ་སྒྲིག་དང་དཔེ་སྐྲུན་བྱེད་རྒྱུ་རེད།
མགོ་རྩོམ་མཛད་སྒོའི་སྟེང་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད། གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་མཚོ་སྔོན་གྱི་རྩོམ་རིག་བྱ་གཞག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་མཁོ་འདོན་བྱེད་ཐུབ་རྒྱུ་རེད། མགོ་རྩོམ་མཛད་སྒོ་སྤེལ་རྗེས། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པའེ་ཀིན་ཧྲིན་དང་སྐབས་བཅུ་གཅིག་པའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་དབྱང་ཀྲི་ཅུན། སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་བསོད་ནམས་ཚེ་རིང་བཅས་ཀྱིས་གཙོ་དོན་གཏམ་བཤད་སྤེལ།
གཡང་འབུམ་རྒྱལ་དང་ལྷ་མོ་འཚོས་བསྒྱུར།