ཞི་ཅིན་ཕིང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡུའེ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
2024.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ས་གནས་དེ་གའི་དུས་ཚོད་ཟླ7ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་མ་ཞུགས་གོང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡུའེ་ཡེ་ཧྥུའུ་དང་མཇལ་འཕྲད་གནང་།

ས་གནས་དེ་གའི་དུས་ཚོད་ཟླ7ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་མ་ཞུགས་གོང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡུའེ་ཡེ་ཧྥུའུ་དང་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་དང་པོར་ཁྱེད་ཀྱིས་རྒྱལ་ཁའི་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ནས་ང་ཚོས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོར་འདེགས་བཏང་བ་དང་། འགོ་ཚུགས་ས་སྔར་ལས་མཐོན་པའི་སྟེང་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་སུ་བཅུག་ཡོད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་རེད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྱང་ཕྱོགས་ཡོངས་ནས“ཝུའུ་ཙི་པེ་ཁི་སི་ཐན་གྱི2030ལོ”ཡི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོའི་དམིགས་འབེན་བརྗིད་ཉམས་ཆེ་ལ་བབ་ཆགས་ཞིག་ཀྱང་ཡིན་པ་སྟེ། མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཀྱི་ལས་དབང་ཡིད་ལ་བཅངས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། བདེ་འཇགས་བཅས་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་བློ་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླར་བརྩིས་ཡོད། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་ཟབ་མོ་བཏང་ནས་དཔལ་འབྱོར་ཉོ་ཚོང་དང་མ་འཇོག་གི་དུས་ཡུན་འབྲིང་རིང་གི་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་པ། ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་འོད་ཤུགས་དང་། རླུང་གློག ནུས་ཁུངས་གསར་བའི་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་ཤུགས་སྣོན་དང་། དབུལ་བོ་ཇེ་ཉུང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ས་ཁུལ་དང་། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་སུ་བརྗེ་རེས་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཙི་པེ་ཁི་སི་ཐན་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ངོས་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་རྒྱུར་དགའ་བསུ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་ཞི་ཨན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་མྱུར་མོར་དོན་འཁྱོལ་བྱས་པ་དང་། མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐོག་མཐའ་བར་གསུམ་དུ་ཕྱོགས་སོ་སོའི་ཐུན་མོང་ཁེ་ཕན་དང་འཚམ་པའི་ཁ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་ཁག་ཐེག་བྱེད་རྒྱུ་ཡིན་པ་ནན་གྱིས་བསྟན།

ས་གནས་དེ་གའི་དུས་ཚོད་ཟླ7ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་མ་ཞུགས་གོང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡུའེ་ཡེ་ཧྥུའུ་དང་མཇལ་འཕྲད་གནང་།

མུས་ཨར་ཅི་ཡུའེ་ཡེ་ཧྥུའུ་ཡིས་ད་ལོའི་ཟླ་བ་དང་པོར་ང་ཚོས་པེ་ཅིང་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རུ་འགྱུར་བར་བྱས་ནས་ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་དུས་རབས་གསར་བར་སླེབས་པ་ཁྱབ་བསྒྲགས་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གི་དཔའ་མཛངས་ཀྱི་འགོ་ཁྲིད་འོག་ཀྲུང་གོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཡག་པོ་བཅག་ནས་དཔལ་འབྱོར་དང་ཚན་རྩལ་སོགས་ཁྱབ་ཁོངས་སུ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་གྲས་འབྲས་བླངས་པར་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོག་པར་ཡང་སྔོན་ལ་རྟེན་འབྲེལ་ཞུས་པ་ཡིན། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱས་ནས“ཕྱོགས་གསུམ་སྟོབས་ཤུགས”ལ་མཐའ་གཅིག་ཏུ་རྡུང་རྡེག་བཏང་སྟེ། ཀྲུང་གོ་ཕྱོགས་དང་ཕན་ཚུན་དབར་བློ་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཞིག་བྱས་ཏེ། མུ་མཐུད་དུ་ཕན་ཚུན་ལ་བརྩི་འཇོག་དང་། ཕན་ཚུན་ལ་རྒྱུས་ལོན། ཕན་ཚུན་ལ་རྒྱབ་སྐྱོར་བཅས་བྱས་ནས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལམ་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་པོའི་སྒྲོམ་གཞི་རུ་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འདོན་ཡི་གེ་དང་། གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འདོན་ཡི་གེ གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འདོན་ཡི་གེ་སོགས་བཏོན་པ་དེ་སྐུལ་འདེད་དོན་འཁྱོལ་བྱ་རྒྱུ་ཡིན་པར་བསྟན།

ཚའེ་ཆི་དང་བཱང་ཡུས་མཇལ་འཕྲད་ལ་ཞུགས།

ཚེ་རིང་སྒྲོལ་མས་བསྒྱུར།