རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སེ་ཐཱ་ནའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་མ་ཞུགས་གོང་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུ་ལ་མཇལ་འཕྲད་གནང་། 
2024.07.04 ཁུངས། ཀློག་གྲངས། 26

ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་མ་ཞུགས་གོང་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུ་ལ་མཇལ་འཕྲད་གནང་། 

ས་གནས་དེ་གའི་ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སེ་ཐ་ནའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་མ་ཞུགས་གོང་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུ་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་སེ་པེད་ཅང་ནི་ཕན་ཚུན་བློ་དཀར་གཞུང་དྲང་གི་གྲོགས་པོ་བཟང་བོ་དང་། འདྲ་མཉམ་གཉིས་ཕན་གྱི་ཟླ་གྲོགས་བཟང་བོ་ཡིན། ཀྲུང་གོ་དང་ཨ་སེ་པེད་ཅང་གི་འབྲེལ་བ་ནི་ཐོག་མཐའ་བར་གསུམ་དུ་བདེ་ཐང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པར་མ་ཟད། འཐབ་ཇུས་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཚོགས། ང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བའི་ངེས་གནས་དེ་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བར་མཐོར་འདེགས་བཏང་ཡོད་ལ། དེ་ནི་ངེས་གནས་གསར་བ་དང་མགོ་རྩོམ་ས་གསར་བ་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་སེ་པེད་ཅང་གི་རྒྱལ་ཁབ་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པར་མ་ཟད། ཨ་སེ་པེད་ཅང་རྒྱལ་ཁབ་རང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཚོང་ལས་དང་དངུལ་གཏོང་། རླངས་སྣུམ་དང་སོལ་རླངས། ཉི་འོད་གློག་ནུས་བཅས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་དགོས། ཕྱོགས་གཉིས་ཀྱིས་སློབ་གསོ་དང་རིག་གནས། ཡུལ་སྐོར། ན་གཞོན། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་འབྲེལ་བ་སྔར་ལས་ཇེ་ལེགས་སུ་བཏང་ནས། ཀྲུང་གོ་དང་ཨ་སེ་པེད་ཅང་གི་མི་དམངས་ཀྱི་འདོད་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས། 

ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐཱ་ནཱ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་མ་ཞུགས་གོང་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུ་ལ་མཇལ་འཕྲད་གནང་། 

ཨ་ལི་ཡའེ་ཧྥུ་ཡིས་བསྟན་དོན། ཨ་ཀྲུང་རྒྱལ་ཁབ་གཉིས་ནི་ཟླ་གྲོགས་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་བར་དུ་འབྲེལ་འདྲིས་གཏིང་ཟབ་བྱས་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་འབོར་སྔར་མེད་འཕར་སྣོན་འབྱུང་དུ་འཇུག་དགོས། རྒྱལ་སྤྱིའི་རྩ་འཛུགས་ཁྲོད་དུ་ཕན་ཚུན་གྱི་རང་བཙན་དང་རང་བདག མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཨ་སེ་པེད་ཅང་ཕྱོགས་ཀྱིས་ཀྲུང་གོ་དང་མཐུན་སྒྲིལ་མཉམ་ལས་དང་། སྦས་ཤུགས་སྔོག་འདོན་བྱས་ནས། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ཏུ། ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས་གསར་བ། མི་ཆོས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱས་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞི་དང་དམ་དུ་སྦྲེལ་ནས། ཕྱི་ཕྱོགས་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་། ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། 

ཚའེ་ཆིས་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།