ཞི་ཅིན་ཕིང་གིས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད།
2024.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ས་དེའི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱའི་ཙུང་ཐུང་བཞུགས་ཤག་ནས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད།

ས་དེའི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱའི་ཙུང་ཐུང་བཞུགས་ཤག་ནས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་ཙུང་ཐུང་བཞུགས་ཤག་ཏུ་འབྱོར་སྐབས། ཧཱ་སག་སི་ཐན་གྱི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་དྲུག་ཙུང་ཐུང་བཞུགས་ཤག་གི་བར་སྣང་ནས་འཕུར་ཏེ། ཀྲུང་གོའི་རྒྱལ་དར་མཚོན་པའི་ཁ་དོག་དམར་སེར་ཅན་གྱི་དུ་བ་འཕྱུར་བ་དང་། ཆེས་མཐོའི་གུས་ལུགས་ཀྱིས་ཞི་ཅིན་ཕིང་ཧཱ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

ཞི་ཅིན་ཕིང་བཞུགས་ཡོད་པའི་རླངས་འཁོར་ཙུང་ཐུང་བཞུགས་ཤག་ཏུ་འབྱོར་སྐབས། ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་སྤྲོ་སེམས་འཁོལ་བའི་བསུ་བ་བྱས། ཧཱ་སག་སི་ཐན་གྱི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་དྲུག་ཙུང་ཐུང་བཞུགས་ཤག་གི་བར་སྣང་ནས་འཕུར་ཏེ། ཀྲུང་གོའི་རྒྱལ་དར་མཚོན་པའི་ཁ་དོག་དམར་སེར་ཅན་གྱི་དུ་བ་འཕྱུར་བ་དང་། ཆེས་མཐོའི་གུས་ལུགས་ཀྱིས་ཞི་ཅིན་ཕིང་ཧཱ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།

ས་དེའི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱའི་ཙུང་ཐུང་བཞུགས་ཤག་ནས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད། ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་སྤེལ།

ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་སྤེལ།

ས་དེའི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱའི་ཙུང་ཐུང་བཞུགས་ཤག་ནས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད། ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་སྤེལ། འདི་ནི་ཞི་ཅིན་ཕིང་གིས་ཐའོ་ཁཱ་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པའི་པའི་ཚུལ་རེད།

ཙུང་ཐུང་བཞུགས་ཤག་ཆེན་མོར་རྔམ་བརྗིད་ལྡན་ཞིང་། གུས་ལུགས་དམག་མིར་རྫིག་ཉམས་ལྡན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སོ་སོར་ཕན་ཚུན་གྱི་ཕེབས་རོགས་མི་སྣར་རེ་རེ་བཞིན་ཕྱག་འཇུ་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་གཟིགས་ཞིབ་སྟེགས་བུའི་སྟེང་བུད་པ་དང་དམག་དཔུང་གི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ལེན་བྱས། ཞི་ཅིན་ཕིང་གིས་ཐའོ་ཁཱ་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད།


ས་དེའི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱའི་ཙུང་ཐུང་བཞུགས་ཤག་ནས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཐའོ་ཁཱ་ཡེ་ཧྥུའུ་དང་ཕྱག་འཇུ་མཛད་པའི་ཚུལ་རེད།


ས་དེའི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱའི་ཙུང་ཐུང་བཞུགས་ཤག་ནས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད། འདི་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་མཛད་པའི་ཚུལ་རེད།

དགའ་བསུའི་མཛད་སྒོའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་བདག་དང་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཞི་ཨན་དང་པེ་ཅིང་ནས་གྲོས་མོལ་ཐེངས་གཉིས་བྱས་ཏེ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ཐད་བཀོད་སྒྲིག་དང་འཆར་འགོད་གསར་བ་བྱས་ཏེ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བའི་གསེར་ལྡན་གྱི་ལོ་ངོ་སུམ་ཅུའི་མགྱོགས་མྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱ། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ནས་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་ཅིང་། ཧཱ་སག་སི་ཐན་དེ་ཀྲུང་གོའི་ཉེ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོ་དང་ཨེ་ཤ་ཡཱ་དབུས་མའི་མཉམ་ལས་གྲོགས་པོ་བཟང་བོར་མཐོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧཱ་སག་སི་ཐན་བར་གྱི་འབྲེལ་བར་སྲུང་སྐྱོབ་དང་འཕེལ་རྒྱས་གང་ལེགས་བྱེད་པའི་རེ་འདུན་དང་ཆོད་སེམས་བརྟན་པོ་འགྱུར་བ་མེད་ལ། རྒྱལ་སྤྱིའི་འགྱུར་ལྡོག་སོགས་ཀྱི་དབང་གིས་འགྱུར་མི་སྲིད། ཀྲུང་གོ་ནི་དུས་གཏན་དུ་ཧཱ་སག་སི་ཐན་གྱིས་བློ་གཏོད་བྱས་ཆོག་པའི་ཁྱིམ་མཚེས་དང་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧཱ་སག་སི་ཐན་ཕྱོགས་བར་གྱི་ནམ་ཟླའི་འགྱུར་ལྡོག་སོགས་སྲོལ་རྒྱུན་གྱི་ནུས་ཁུངས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་། འོད་ནུས་དང་རླུང་ནུས་སོགས་ནུས་ཁུངས་གསར་བའི་མཉམ་ལས་རྒྱ་བསྐྱེད་པ། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཧཱ་སག་སི་ཐན་དུ་སོང་ནས་དངུལ་གཏོང་བྱེད་པར་རྒྱབ་སྐྱོར་བྱེད་པ། ཧཱ་སག་སི་ཐན་ཕྱོགས་ཀྱིས་ཐོན་ཁུངས་ཁྱད་སྟོབས་དེ་འཕེལ་རྒྱས་ནུས་པར་བསྒྱུར་ནས། ལྷད་མེད་དང་ཐཱན་ཉུང་། རྒྱུན་མཐུད་འཕེལ་རྒྱས་བཅས་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་འདོད་ཡོད་ཅེས་གསུངས།

ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧཱ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་མཛད་པ་དེས་ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་ནི་ཧཱ་སག་སི་ཐན་གྱི་གྲོགས་པོའི་ཁྱིམ་མཚེས་བཟང་བོ་དང་། འཐབ་ཇུས་གྲོགས་པོ་བཟང་བོ་ཡིན་ལ། ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་ཕན་ཚུན་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། སྔར་མེད་ཀྱི་འཕེལ་རྒྱས་རྣམ་པ་བཟང་བོ་མངོན་པར་བྱས་ཡོད་པར་མ་ཟད། ཉོ་ཚོང་དང་ནུས་ཁུངས། ཞིང་ལས། གཏེར་ཁ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེ་ལྟ་བུར་གྱུར་ཡོད། ཧཱ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་བླངས་པའི་ཕྱོགས་སོ་སོའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུ་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་སྔར་ལས་ཆེ་བའི་གྲུབ་འབྲས་ལོན་ཐུབ་པར་ཡིད་ཆེས་ཡོད། ཧཱ་སག་སི་སཐན་ཕྱོགས་ཀྱིས་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཧཱ་སག་སི་ཐན་གྱི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་བ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཕྱོགས་གསུམ་སྟོབས་ཤུགས་ལ་ཆམ་ཕབ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ས་དེའི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱའི་ཙུང་ཐུང་བཞུགས་ཤག་ནས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད། འདི་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྱབ་ཁོངས་ཆེན་མོའི་གྲོས་མོལ་མཛད་པའི་ཚུལ་རེད།

དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྱབ་ཁོངས་ཆེན་མོའི་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་མཛའ་མཐུན་དེ་ལོ་ངོ་སྟོང་གི་དར་གོས་ཚོང་ལམ་ལས་བྱུང་ཞིང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་གཉིས་འགོར་བའི་མཉམ་ལས་ལས་བྱུང་བ་ཡིན་ལ། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་དུ་བསླེབས་ཡོད་པར་མ་ཟད། དུས་རབས་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས། སྐྱིད་སྡུག་མཉམ་མྱོང་བཅས་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བའི་གཞི་གདངས་སུ་གྱུར་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོས་ཧཱ་སག་སི་ཐན་བར་གྱི་མཛའ་མཐུན་ལ་སྲུང་སྐྱོབ་བྱེད་པའི་ཐོག་མའི་སེམས་འདུན་ལ་འགྱུར་བ་གཏན་ནས་མེད་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གཏན་སེམས་ལ་འགྱུར་བ་གཏན་ནས་མེད་ལ། ཕན་ཚུན་གྱི་ཁེ་ཕན་གཙོ་བོའི་ཐད་ནས་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་འགྱུར་བ་གཏན་ནས་མེད་པར་མ་ཟད། རྒྱལ་ཁབ་རང་རང་གི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ཡིད་ཆེས་ལའང་འགྱུར་བ་གཏན་ནས་མེད།

ཀྲུང་གོ་ཕྱོགས་ཀྱིས་ཧཱ་སག་སི་ཐན་དང་མཉམ་དུ་ལག་རྡང་སྦྲེལ་ནས་ནང་དོན་སྔར་ལས་ཕུན་སུམ་ཚོགས་པ་དང་གསོན་ཤུགས་རྒྱས་པའི་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་དང་གཏན་འཇགས་ཐད་དྲང་ཕྱོགས་ནུས་ཚད་ཁ་སྣོན་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་པོ་རང་རང་གི་འཕེལ་རྒྱས་དར་སྤེལ་གྱི་གནད་འགག་དུས་རིམ་དུ་གནས་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་དང་། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལས་གཞི་མང་བོ་ལག་བསྟར་བྱས་ཏེ། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལ་རོགས་འདེགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧཱ་སག་སི་ཐན་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མ་འོངས་པར་སྔ་མོ་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ལྡབ་ཀྱིས་འཕར་བའི་དམིགས་འབེན་གསར་བ་མངོན་འགྱུར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཧཱ་སག་སི་ཐན་གྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱས་ཏེ། གློག་རྡུལ་ཚོང་དོན་དང་གཞི་གྲངས་དཔལ་འབྱོར་སོགས་ཀྱི་མཉམ་ལས་ཀྱི་འཕར་སྣོན་གནས་གསར་བ་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་ནུས་ཁུངས་དངུལ་གཏོང་མཉམ་ལས་ཀྱི་གཞི་རྒྱ་ ཇེ་ཆེར་གཏོང་བ་དང་། ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། གློག་སྒུལ་རླངས་འཁོར་དང་ནུས་ཁུངས་གསར་བ། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན། འཁོར་སྐར་འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ཧཱ་སག་སི་ཐན་གྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་ཚུན་གྱི་བྱ་བར་གདེང་འཇོག་ཆེན་པོ་མཛད་པ་དང་། ཧཱ་སག་སི་ཐན་གྱིས་གཙོ་སྒྲུབ་བྱས་པའི་ཨ་སི་ཐཱ་ནཱའི་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་པའི་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཨ་སི་ཐཱ་ནཱའི་མཐོ་རིམ་གྲོས་ཚོགས་ཀྱི་རྗེས་སུ་ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧཱ་སག་སི་ཐན་སོགས་ཁོངས་གཏོགས་རྒྱལ་ཁབ་དག་དང་མཉམ་དུ་སྔར་ལས་དམ་ཟབ་ཀྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧཱ་སག་སི་ཐན་སང་ལོར་སྤེལ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་མཐོ་རིམ་གྲོས་་ཚོགས་སྐབས་གཉིས་པར་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཧཱ་སག་སི་ཐན་སོགས་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྐྱེན་སྲོལ་བཟང་བོར་བསྒྲུབ་ནས། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་མཉམ་ལས་ལ་གྲུབ་འབྲས་གསར་བ་སྔར་ལས་མང་བོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧཱ་སག་སི་ཐན་གྱི་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་རོགས་ལས་དམ་ཟབ་བྱས་ཏེ། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་གཉིས་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧཱ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་མཛད་པ་ལས་ཧཱ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་མཐོང་ཆེན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཧཱ་སག་སི་ཐན་དང་ཀྲུང་གོའི་དུས་གཏན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རེ་འདུན་དྲག་པོ་མངོན་པར་མཚོན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཐུགས་ཁུར་དང་སྣེ་ཁྲིད་མཛད་འོག ཧཱ་སག་སི་ཐན་དང་ཀྲུངགོའི་འབྲེལ་བ་དེ་གསེར་ལྡན་གྱི་དུས་རབས་གསར་བར་བསླེབས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལས་གཞི་གལ་ཆེན་བདེ་བླག་ངང་སྤེལ་ནས། ཞིང་ལས་དང་ལྷད་མེད་ནུས་ཁུངས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐད་བྱས་རྗེས་བཞག་ཡོད། ཧཱ་སག་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་ལ། ཀྲུང་གོའི་བློས་ཐུབ་ཀྱི་གྲོགས་པོ་བཟང་བོ་ཡིན། ཧཱ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རྒྱུན་འཁྱོངས་བྱེད་པའི་ཞི་བདེ་དང་ཕྱི་འབྲེལ་གྱི་འདུ་ཤེས་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་འགོ་རབ་དང་རིམ་པར་གཟེངས་བསྟོད་བྱས་ཏེ། ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོ་ཕྱོགས་དང་མམ་དུ་འབད་བརྩོན་བྱས་ཏེ། ཧཱ་སག་སི་ཐན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ས་དེའི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱའི་ཙུང་ཐུང་བཞུགས་ཤག་ནས་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད། གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱ་མགོ་གཙོས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧཱ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་སྒྲོག་བཀོད་པར་མ་ཟད། དཔལ་འབྱོར་ཉོ་ཚོང་དང་གཅིག་བརྟེན་གཅིག་འབྲེལ། མཁའ་འགྲུལ་མཁའ་སྐྱོད། སློབ་གསོ། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་སྣ་བཅུ་ལྷག་བརྗེ་རེས་བྱས་པར་མཉམ་དུ་བདེན་དཔང་མཛད།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧཱ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་སྒྲོག་བཀོད་པར་མ་ཟད། དཔལ་འབྱོར་ཉོ་ཚོང་དང་གཅིག་བརྟེན་གཅིག་འབྲེལ། མཁའ་འགྲུལ་མཁའ་སྐྱོད། སློབ་གསོ། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་སྣ་བཅུ་ལྷག་བརྗེ་རེས་བྱས་པར་མཉམ་དུ་བདེན་དཔང་མཛད།

ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་སྤེལ་བའི་གཟའ་རྒྱས་ཆེ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས།

ཚེ་ཆི་དང་ཝང་དབྱེ་སོགས་གོང་གི་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།