ཀྲའོ་ལི་ཅི་ཡིས་ཝུའུ་ཙི་པེ་ཁི་སི་ཐན་དང་ཨུ་རུ་སུར་འཚམས་འདྲི་བྱ་རྒྱུ་མ་ཟད། ཨུ་རུ་སུ་རུ་སྐབས་བཅུ་བའི་གསེར་ལྡན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་གླེང་སྟེགས་དང་ཀྲུང་གོ་དང་ཨུ་རུ་སུའི་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པར་ཡང་ཞུགས་རྒྱུ་རེད།
2024.07.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཚོགས་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ནཱ་ཨར་པཱ་ཡེ་ཝ་དང་ཁྲིམས་འཛུགས་ཁང་གི་གྲོས་དཔོན་དབྱི་སི་མོ་དབྱི་ལོ་ཧྥུའུ། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་རྒྱལ་ཁབ་ཏུའུ་མ་ཡི་ཀྲུའུ་ཞི་ཝོ་ལོ་ཅིན་དང་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་བེ་ཡཱན་ཁི་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ7ཚེས6ཉིན་ནས་ཚེས13ཉིན་བར་ཝུའུ་ཙི་པེ་ཁི་སི་ཐན་དང་ཨུ་རུ་སུར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་བྱ་རྒྱུ་མ་ཟད། ཨུ་རུ་སུ་རུ་སྐབས་བཅུ་བའི་གསེར་ལྡན་རྒྱལ་ཁབ་ཀྱི་གྲོས་ཚོགས་གླེང་སྟེགས་དང་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བར་ཞུགས་རྒྱུ་རེད།

ཚེ་རིང་སྒྲོལ་མས་བསྒྱུར།