ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རྒྱ་སྐྱེད་སློབ་སྦྱོང་ཚོགས་འདུ་བསྡུས།
2024.07.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ7པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་རྒྱ་སྐྱེད་སློབ་སྦྱོང་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཁབ་བཅོས་སྒྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། རྒྱལ་ཁབ་གཞི་གྲངས་ཅུའུ་ཡི་ཅུའུ་ཀྲང་ལིའུ་ལའེ་ཧུང་གདན་ཞུ་བྱས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱིས་སྣེ་ཁྲིད་བྱས་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བ་ཞེས་པར་གཞིགས་ཏེ་ཆེད་དུ་གསབ་སྦྱོང་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་བཅས་ཚོགས་འདུར་ཞུགས།

ལིའུ་ལའེ་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་གྲངས་འཕེལ་རྒྱས་དང་བདེ་འཇགས་ཐད་བཏོན་པའི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། གཞི་གྲངས་དཔལ་འབྱོར་དུས་རབས་ཀྱི་རྨང་གཞི་སྒྲིག་བཀོད་གསར་བཅོས་ལ་རྒྱུས་ལོན་ཟབ་མོ་བྱེད་པ། གཞི་གྲངས་དཔལ་འབྱོར་དུས་རབས་ཀྱི་རྩིས་ནུས་རྨང་གཞིའི་སྒྲིག་བཀོད་སྟེགས་བུ་སྲ་བརྟན་དུ་གཏོང་བ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཕྱོགས་ནས་ཚང་མར་འགྲེལ་བཤད་ཞིབ་མོ་བྱས།

ཁྲིན་ཀང་གི་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། སྐྱེ་ཁམས་གཙོ་བོར་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་བླང་བྱ་གསལ་བོ་བཏོན། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་བཏང་བ་དང་། དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཐུན། བྱ་བ་ཁ་ཤས་ལེགས་འགྲུབ་འབྱུང་བསམ་ན། བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་རྒྱུ་དེ་མཚོ་སྔོན་ས་གནས་རང་གི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ཁ་ཕྱོགས་གཙོ་བོར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ལྗང་མདོག་རྩིས་ནུས་དེ་འཕེལ་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་སྟེ། དངོས་སྒྲུབ་ཁག་ཁུར་དང་བྱ་བའི་ཕན་འབྲས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བྱམས་བརྩེར་དྲིན་གཟོ་དགོས། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་བཏང་བ་དང་། དེ་རྒྱལ་ཡོངས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འཚམ།  རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འཐབ་ཇུས་ཀྱི་ངེས་གནས་ཡང་དག་འཚོལ་བ་དང་། ཤར་གྲངས་ནུབ་རྩིས་ཀྱི་ལས་གཞི་ལག་བསྟར་ཟབ་མོ་བྱེད་ཅིང་། ལྗང་མདོག་གློག་ཤུགས་དར་བ་དང་། མ་རྩའི་དགེ་མཚན་མངོན་གསལ་ཡིན་པ། འཕེལ་རྒྱས་ཀྱི་རྨང་གཞི་བཟང་པོ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མགྱོགས་མྱུར་སྒོས་ཞན་ཆ་དང་མི་འདང་ས་ཁ་གསབ་བྱས་ཏེ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་ལྗང་མདོག་རྩིས་ནུས་དྲ་རྒྱ་འཛུགས་སྐྲུན་བྱེད་པར་མཉམ་འདྲེས་གཏིང་ཟབ་དང་ཞབས་འདེགས་ཞུ་དགོས། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་བཏང་བ་དང་། དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཕེལ་རྒྱས་གཏོང་བའི་ཐབས་ལམ་དང་འཚམ། མཚོ་སྔོན་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་དུས་སྐབས་དམ་འཛིན་གང་ལེགས་བྱེད་པ་དང་། གོ་སྐབས་གལ་ཆེན་དམ་འཛིན་བྱེད་ཅིང་། ལས་འགན་ཁག་ཁུར་ཕྲག་ཏུ་བླངས་ནས། ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེར་བརྟེན་ནས་གཞི་གྲངས་སྲིད་གཞུང་དང་གཞི་གྲངས་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་ཁྲིད་བྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

མཚོ་སྔོན་དུ་སྡོད་སྐབས། ལིའུ་ལའེ་ཧུང་ཀྲུང་གོའི་གློག་འཕྲིན་རྒྱལ་ཁབ་གཞི་གྲངས་ཀྱི་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་གནས། ཀྲུང་གོའི་སྤོ་འགུལ་གྱི་མཚོ་སྔོན་མཐོ་སྒང་གི་གཞི་གྲངས་ཆེན་མོའི་ལྟེ་གནས། རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་ཝུའུ་ཞིའི་ལྟེ་གནས་ཀྱི་མཚོ་སྔོན་སློབ་ཆེན་གྱི་ཡན་ལག་ལྟེ་གནས། ཀྲུང་གོའི་ལཱེན་ཐུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་གཞི་གྲངས་ཆེན་མོའི་རྟེན་གཞི། མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་བཅས་ལ་སོང་ནས་རྟོག་ཞིབ་བྱས།

ལྷ་མོ་འཚོས་བསྒྱུར།