ཟླ7པའི་ཚེས3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྩེ་ཚོགས་སུ་མ་ཞུགས་གོང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྩེ་ཚོགས་སུ་མ་ཞུགས་གོང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ5པར་ཙུང་ཐུང་ཕུའུ་ཅིང་གིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རྒྱུས་ཀྱི་དུས་ཚིགས་གལ་ཆེན་དུ་ང་ཚོས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད། འགྱུར་ལྡོག་དང་ཟང་ཟིང་འདྲེས་པའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་ཕྱོགས་གཉིས་ཀྱིས་མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་ཐོག་མའི་བསམ་འདུན་མུ་མཐུད་དུ་རྒྱུན་འཁྱོངས་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྙིང་རུས་བརྟན་སྲུང་། ཀྲུང་ཨུའི་འབྲེལ་བའི་དམིགས་བསལ་རིན་ཐང་རྒྱུན་ཆད་མེད་པར་གསོ་སྐྱོང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ནང་གནས་སྒུལ་ཤུགས་སྔོག་འདོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ལུགས་མཐུན་ཁེ་དབང་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཨུ་ཡིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་རྒྱལ་སྤྱིའི་འཐབ་ཇུས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁྲི་ཡག་པོ་སྒྲུབ་པ་དང་། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”ལ་མཐུན་སྒྲིལ་བྱེད་པ། “འཇམ་འཐབ་གསར་པ”འགོག་པ། ཁྲིམས་འགལ་གྱི་ཕྱོགས་རྐྱང་པའི་བཀག་སྡོམ་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། སང་ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐཱ་ནཱའི་རྩེ་ཚོགས་འཚོག་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྩ་འཛུགས་དེ་གའི་འཕེལ་རྒྱས་བརྟན་པོའི་ངང་ཡུན་རིང་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྔར་ལས་དམ་ཟབ་ཡིན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ལ། ཀྲུང་ཨུ་ཕྱོགས་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱས་ཏེ་ས་ཁུལ་དེ་གའི་བདེ་འཇགས་དང་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱ་དགོས་ཞེས་གསུངས།
ཟླ7པའི་ཚེས3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྩེ་ཚོགས་སུ་མ་ཞུགས་གོང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
ཕུའུ་ཅིང་གིས་བསྟན་དོན། ད་ལོའི་ཟླ5པར་ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་མཉམ་དུ་ཨུ་རུ་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཨུ་རུ་སི་དང་ཀྲུང་གོའི་བར་གྱི་འབྲེལ་བའི་མ་འོངས་པ་འཕེལ་རྒྱས་གཏོང་རྒྱུར་འཆར་འགོད་ཀྱང་བྱས་ཡོད། མིག་སྔར་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་དང་། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བས་མནའ་འབྲེལ་མི་བྱེད་པ་དང་ཕྱོགས་གསུམ་པར་མི་དམིགས་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་མཐུན་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རང་གི་ལྟེ་བའི་ཁེ་ཕན་དང་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ལ་ཉེ་བས་ཨུ་རུ་སི་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཀྲུང་གོ་ཕྱོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ་རྩ་འཛུགས་དེའི་རྒྱལ་སྤྱིའི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་བདེ་འཇགས་ལ་སྲུང་སྐྱོང་བྱས་ནས་རྒྱལ་སྤྱིའི་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ད་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ཐད་འབྲེལ་གཏུག་དང་རོགས་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་ཞི་བདེ་ལ་སྐུལ་བ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ས་ཁུལ་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་དུ་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།