ས་དེའི་ཟླ7པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་དེ་ཏུའུ་ཧྲང་པེ་རུ་འབྱོར་བ་དང་། ཐཱ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་གྱིས་གདན་དྲངས་པ་ལྟར། ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས། ལཱ་ཧི་མིན་གྱི་གནམ་གྲུ་ཐང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་སྤེལ།
ས་དེའི་ཟླ7པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་དེ་ཏུའུ་ཧྲང་པེ་རུ་འབྱོར་བ་དང་། ཐཱ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་གྱིས་གདན་དྲངས་པ་ལྟར། ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།
ས་དེའི་ཟླ7པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་དེ་ཏུའུ་ཧྲང་པེ་རུ་འབྱོར་བ་དང་། ཐཱ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་གྱིས་གདན་དྲངས་པ་ལྟར། ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས། ཆེད་བཏང་གནམ་གྲུ་ཏུའུ་ཧྲང་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་མཐོ་རིམ་དཔོན་རིགས་ཁྲིད་དེ་གནམ་གྲུ་ཐང་ནས་བསུ་མ་ཞུས།
ས་དེའི་ཟླ7པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་དེ་ཏུའུ་ཧྲང་པེ་རུ་འབྱོར་བ་དང་། ཐཱ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་གྱིས་གདན་དྲངས་པ་ལྟར། ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས། ཆེད་བཏང་གནམ་གྲུ་ཏུའུ་ཧྲང་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་མཐོ་རིམ་དཔོན་རིགས་ཁྲིད་དེ་གནམ་གྲུ་ཐང་ནས་བསུ་མ་ཞུས། ཐཱ་ཅི་ཁི་སི་ཐན་གྱི་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་། རྒྱ་ཡིག་དང་ཐཱ་ཅི་ཁི་སི་ཐན་གྱི་སྐད་ཡིག་བཀོལ་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།
ཆེད་བཏང་གནམ་གྲུ་ཏུའུ་ཧྲང་པེ་རུ་འབྱོར་སྐབས། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་གྲོས་ཁང་གོང་མའི་གྲོས་དཔོན་ནམ་ཏུའུ་ཧྲ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་ལུའུ་སི་ཐཱ་མུའུ་དང་། ཕྱི་འབྲེལ་པུའུ་ཀྲང་མུའུ་ཧི་ལི་ཏེན་སོགས་མཐོ་རིམ་དཔོན་རིགས་ཁྲིད་དེ་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས། ཐཱ་ཅི་ཁི་སི་ཐན་གྱི་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་། རྒྱ་སྐད་དང་ཐཱ་ཅི་ཁི་སི་ཐན་གྱི་སྐད་བཀོལ་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།
ལཱ་ཧི་མིན་གྱིས་གནམ་གྲུ་ཐང་དུ་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས།
ས་དེའི་ཟླ7པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་དེ་ཏུའུ་ཧྲང་པེ་རུ་འབྱོར་བ་དང་། ཐཱ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་གྱིས་གདན་དྲངས་པ་ལྟར། ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས། ལཱ་ཧི་མིན་གྱི་གནམ་གྲུ་ཐང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་སྤེལ།
ས་དེའི་ཟླ7པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་དེ་ཏུའུ་ཧྲང་པེ་རུ་འབྱོར་བ་དང་། ཐཱ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧི་མིན་གྱིས་གདན་དྲངས་པ་ལྟར། ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས། ལཱ་ཧི་མིན་གྱི་གནམ་གྲུ་ཐང་ནས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་སྤེལ།
མི་རིགས་ཀྱི་རྒྱན་གོས་སྤྲས་པའི་ཐཱ་ཅི་ཁི་སི་ཐན་གྱི་ན་གཞོན་སྟོང་གཅིག་དང་ལྔ་བརྒྱ་ལྷག་གིས་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ཁྱད་ཆོས་མངོན་གསལ་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་ཤིང་། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མཐོན་པོར་བསྒྲེངས་ནས། ཀྲུང་གོའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་གནམ་གྲུ་ཐང་དུ་ཡིག་ཐོག་གི་གཏམ་བཤད་སྤེལ་ཏེ། ཐཱ་ཅི་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ནི་ཕན་ཚུན་རོགས་རེས་བྱེད་པའི་ཁྱིམ་མཚེས་བཟང་བོ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཟང་བོ། གཉིས་ཕན་མཉམ་རྒྱལ་བྱེད་ལ་ཕན་ཚུན་སེམས་ཁུར་བྱེད་པའི་སྤུན་ཟླ་བཟང་བོ་བཅས་ཡིན། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ32འགོར་བའི་རིང་ལ། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བར་བསྟུད་མར་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་བྱུང་སྟེ། ཁྱིམ་མཚེས་མཛའ་མཐུན་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བ་མངོན་འགྱུར་བྱུང་ཡོད་ལ། དེ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མཆོང་སྐྱོད་མངོན་འགྱུར་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེ་རུ་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། བདག་གིས་ཙུང་ཐུང་ལཱ་ཧི་མིན་དང་མཉམ་དུ་གནས་བབ་གསར་བའི་འོག་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་གསར་བ་དང་བཀོད་སྒྲིག་གསར་བ་བྱས་ཏེ། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་དེ་སྔར་ལས་མཐོ་བའི་ཆུ་ཚད་ཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཚེ་ཆིས་དང་ཝང་དབྱེ་སོགས་འགྲོ་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་དེ་འབྱོར།
ཐཱ་ཅི་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅི་ཧྲུའུ་མེན་ཀྱང་གནམ་གྲུ་ཐང་དུ་ཡོང་ནས་བསུ་བ་ཞུས།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་རླུང་གིས་ལྷབ་ལྷུབ་བསྐྱོད་ཅིང་། ས་དེའི་ཀྲུང་གོ་བ་དང་ཀྲུང་གོའི་དངུལ་གཏོང་ལས་ཁུངས་ཀྱི་འཐུས་མི་བཅས་ཀྱིས་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱེད་བཞིན་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་ཐཱ་ཅི་ཁི་སི་ཐན་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།
ཞི་ཅིན་ཕིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་བར་ཞུགས་ཏེ་ཧཱ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་མཛད་རྗེས་ཏུའུ་ཧྲང་པེ་རུ་འཚམས་འདྲིར་ཕེབས་པ་རེད།
ཞི་ཅིན་ཕིང་ཨ་སི་ཐཱ་ནཱ་དང་འབྲལ་སྐབས་ཧཱ་སག་སི་ཐན་གྱི་ཙུང་ལི་པེ་ཁི་ཅེ་ནོའུ་ཧྥུའུ་དང་། ཨ་སི་ཐཱ་ནཱ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁཱ་སི་མུའུ་པེ་ཁི་སོགས་མཐོ་རིམ་དཔོན་པོས་གནམ་གྲུ་ཐང་དུ་སྐྱེལ་མ་བྱས།
ཞི་ཅིན་ཕིང་གི་ཆེད་བཏང་གནམ་གྲུར་འཕུར་རྗེས། ཧཱ་སག་སི་ཐན་གྱི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་གསུམ་གྱིས་བར་སྣང་འགེབས་སྲུང་སྐྱེལ་མ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།