ས་དེའི་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནངས།
ས་དེའི་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནངས།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་ལོ་བརྒྱའི་འགྱུར་ལྡོག་གནས་བབ་ལས་འཕེལ་འགྱུར་ལ་སྐུལ་འདེད་བཏང་ཡོད་ཅིང་། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད་སྔ་ན་མེད་པ་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱོགས་མང་རིང་ལུགས་ལག་བསྟར་དང་འཛམ་གླིང་ཡོངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། དེའི་ནུས་པར་ཤུགས་སྣོན་དགོས་པ་ལས། དེའི་ནུས་པ་ཉམས་ཞན་དུ་གཏོང་མི་རུང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་འབྱུང་ཡང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སྲོག་ཤིང་ནུས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནི་དཀའ་སྡུག་མཉམ་མྱོང་བྱེད་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན། མིའི་རིགས་ཀྱི་གྲུ་གཟིངས་ཆེན་མོ་དེ་མ་འོངས་པར་བགྲོད་པར་ཡོད་ཚད་བདེ་འཇགས་ཡིན་མི་སྲིད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་དཀའ་སྡུག་མཉམ་མྱོང་བྱས་ཏེ། གྲུ་གཟིངས་ཆེན་མོ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་ཁ་ལོ་བསྒྱུར་བར་འགན་སྲུང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་པའི་མཐོ་རིམ་ཚོགས་འདུར་རྒྱབ་སྐྱོར་བྱེད་པ་དང་། མཐོ་རིམ་ཚོགས་འདུ་ནས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པའི་བརྡ་ཡང་དག་བཏོན་ནས། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དེ་སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་བཞིན་ཡོད།
ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་དངུལ་ལོར་སྒྲོམ་གཞིའི་བཅོས་བསྒྱུར་དང་མིས་བཟོས་རིག་ནུས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གཙོ་ཁྲིད་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས།
ས་དེའི་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནངས།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ད་ལྟ་ལག་བསྟར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་ཁྱད་པར་དུ་རྒྱལ་སྤྱིའི་དངུལ་ལོར་རྐྱེན་སྲོལ་ལ་བཅོས་བསྒྱུར་བྱས་ཏེ། རྒྱལ་སྤྱིའི་གནས་བབ་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་འཚམ་པར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤུགས་ཆེན་པོས་རྒྱལ་སྤྱིའི་དངུལ་ལོར་སྒྲོམ་གཞིའི་ལེགས་སྒྲིག་དང་མིས་བཟོས་རིག་ནུས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དེ་སྔར་ལས་འདྲ་མཉམ་ལུགས་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཕན་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་གནད་འགག་གི་ནུས་པ་འདོན་སྤེལ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། མིའི་རིགས་ཀྱི་མ་འོངས་པ་ཚད་ངེས་ཅན་ཞིག་གི་སྟེང་ནས་ཀྲུང་གོར་རག་ལས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་བཞིན་ཡོད་ཟེར།
ཚའེ་ཆིས་དང་ཝང་དབྱེ་སོགས་མཇལ་འཕྲད་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།