2024ལོའི་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

2024ལོའི་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟླ7པའི་ཚེས4ཉིན་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས་ནས། ཁ་གཏད་རོགས་སྐྱོར་གྱི་མཛའ་བརྩེ་གླེང་བ་དང་། མཉམ་ལས་བརྗེ་རེས་ཀྱི་འཆར་གཞི་མཉམ་འགོད་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

2023ལོའི་ཚུན་དུ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སློབ་གསོ་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་བཀོད་སྒྲིག་ལྟར། ཁ་གཏད་རོགས་སྐྱོར་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་གྱི་ཆེས་ཆེ་བའི་གོ་སྐབས་དམ་འཛིན་བྱེད་པ། མཉམ་ལས་སྒོས་རྩ་འཛུགས་ལྡན་པའི་ཚན་རིག་ཞིབ་འཇུག་སྤེལ་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་སློབ་གསོའི་མཚོ་སྔོན་གྱི་མ་དཔེ་བསྐྲུན་པ་དང་། ནུབ་རྒྱུད་མི་རིགས་ས་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་མཚོ་སྔོན་གྱི་པར་གཞི་བསྐྲུན་པ། སློབ་གསོའི་ཞབས་ཞུ་ཁུལ་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མཚོ་སྔོན་གྱི་པར་གཞི་བསྐྲུན་པ་བཅས་ཀྱི་སྟེང་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་མཚོ་སྔོན་མི་རིགས་སློབ་ཆེན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ཚོགས་ཐོག་ཏུ། ཐེན་ཅིན་སློབ་ཆེན་དང་ཞ་མིན་སློབ་ཆེན། ཐེན་ཅིན་དགེ་ཐོན་སློབ་ཆེན། ཏུང་ཧྭ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་རོགས་སྐྱོར་མཉམ་ལས་བྱེད་པའི་མཐོ་རིམ་སློབ་གྲྭའི་ཚབ་བྱས་ནས་བརྗེ་རེས་གཏམ་བཤད་བྱས། ཐེན་ཅིན་སློབ་ཆེན་དང་ཞ་མིན་སློབ་ཆེན་གྱིས་རོགས་སྐྱོར་མཉམ་ལས་བྱེད་པའི་མཐོ་རིམ་སློབ་གྲྭའི་ཚབ་བྱས་ནས། མཚོ་སྔོན་མི་རིགས་སློབ་ཆེན་བར་དུ་གཞི་གྲངས་ཀྱི་མི་རིགས་སློབ་ཆེན་གྱི་རོགས་སྐྱོར་མཉམ་འཛུགས་གྲོས་མཐུན་བཀོད་པ་དང་། པེ་ཅིང་བཟོ་ལས་སློབ་ཆེན་དང་ཐེན་ཅིན་ཚན་རྩལ་སློབ་ཆེན་གྱིས་སོ་སོར་མཚོ་སྔོན་མི་རིགས་སློབ་ཆེན་བར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་དེ། ཁ་གཏད་རོགས་སྐྱོར་གྱི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་པ་དང་། མཉམ་ལས་མཉམ་འཛུགས་ཀྱི་ལམ་བུ་རྒྱ་སྐྱེད་ལ། རོགས་སྐྱོར་མཉམ་ལས་ཀྱི་སྒོ་གླེགས་གསར་བ་ཕྱེས།

མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཐེངས་འདིའི་གྲོས་ཚོགས་འགོ་ཚུགས་ས་གསར་བ་རུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྟོབས་ཤུགས་ལ་བརྟེན་ནས་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གྲུབ་འབྲས་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ། སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་དང་མཚོ་སྔོན་མི་རིགས་སློབ་ཆེན་འཕེལ་རྒྱས་གཏོང་བའི་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་ལེན་པ་དང་རྣམ་པ་གསར་བ་བསྐྲུན་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སློབ་གསོ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།