ས་གནས་དེ་གའི་ཟླ7པའི་ཚེས4ཉིན་གྱིས་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨཱ་སི་ཐཱ་ནཱ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་སྐབས་ཐུར་ཁེའི་ཙུང་ཐུང་ཨཱེའར་ཏའོ་ཨཱན་ལ་མཇལ་འཕྲད་གནང་།
ས་གནས་དེ་གའི་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨཱ་སི་ཐཱ་ནཱ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་སྐབས་ཐུར་ཁེའི་ཙུང་ཐུང་ཨཱེའར་ཏའོ་ཨཱན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུར་ཁེའི་འབྲེལ་བས་བརྟན་བརླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཐུར་ཁེ་གཉིས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་མོ་དང་གོ་ལ་ཡོངས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན་པས། ་རང་སོ་སོའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་འགྲོ་བར་རེ་སྙེག་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བའི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་ནས་ཐུན་མོང་གི་ངོས་འཛིན་མང་པོ་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱིས་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་པ་དང་། ཕན་ཚུན་གྱི་ཆབ་སྲིད་ཀྱི་ཡིད་རྟོན་བྱེད་ཤུགས་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་གཏོང་བ། ཆུ་ཚད་མཐོ་བའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་དེ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་ཅིང་། ཕྱོགས་གཉིས་ཀྱིས་ཉོ་ཚོང་རྒྱ་བསྐྱེད་པར་སྐུལ་མ་གཏོང་བ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཐུར་ཁེ་ལ་མ་རྩ་གཏོང་ཚད་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ། རིམ་ལྡན་སྒོས་རྨང་གཞིའི་སྒྲིག་བཀོད་ལས་གཞིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་སྤྱི་དམངས་སྔར་ལས་མང་པོ་ཐུར་ཁེ་རུ་ཡུལ་སྐོར་བྱེད་དུ་ཡོང་བར་སྐུལ་མ་གཏོང་དགོས། ཀྲུང་གོ་དང་ཐུར་ཁེར་ཕ་ཁི་སི་ཐན་དང་དབྱི་སི་རལ་བར་གྱི་འགལ་བ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཀྱི་གནད་དོན་ཐད་ལྟ་ཚུལ་འདྲ་ས་མང་པོ་ཡོད་པས་འབྲེལ་འདྲིས་དམ་ཟབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་ཚུན་གྱི་མཐུན་སྦྱོར་མཉམ་སྡེབ་ལ་ཤུགས་སྣོན་འདོད་ཡོད་ཅེས་ནན་གྱིས་གསུངས།
ས་གནས་དེ་གའི་ཟླ7པའི་ཚེས4ཉིན་གྱིས་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨཱ་སི་ཐཱ་ནཱ་རུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་སྐབས་ཐུར་ཁེའི་ཙུང་ཐུང་ཨཱེའར་ཏའོ་ཨཱན་ལ་མཇལ་འཕྲད་གནང་།
ཨེའར་ཏའོ་ཨཱན་གྱིས་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོན་པོས་མཐོང་ཆེན་བྱེད་ཀྱིན་ཡོད་ལ། བློ་བརྟན་འགྱུར་མེད་སྒོས་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་ཅིང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་མཐོང་བྱེད་བཞིན་ཡོད། ཀྲུང་གོ་ནི་ཐུར་ཁེ་ཡི་འཛམ་གླིང་ཡོངས་དང་ཨེ་ཤ་ཡ་གླིང་གི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་གྲོགས་པོ་གལ་ཆེ་ཤོས་དེ་ཡིན། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཐུར་ཁེར་ཡོང་ནས་མ་རྩ་གཏོང་བར་དགའ་བསུ་བྱེད་པ་དང་། ཀྲུང་གོའི་ཡུལ་སྐོར་བ་སྔར་ལས་མང་པོ་ཐུར་ཁེར་ཡུལ་སྐོར་བྱེད་དུ་ཡོང་བར་དགའ་བསུ་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་ཐུར་ཁེ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་རེ་བ་བྱེད་ཀྱིན་ཡོད། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་འདྲ་མཉམ་དྲང་བཞག་གི་ལངས་ཕྱོགས་གཙོ་བོར་བཟུང་བ་ལྟ་བུ་འཛམ་གླིང་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་རྒྱུར་བྱས་རྗེས་གལ་ཆེན་བཞག་པར་བསྟོད་པ་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་འབྲེལ་འདྲིས་མཉམ་ལས་ཐད་ཤུགས་སྣོན་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཅེས་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།