ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་སྐབས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཨུ་རུ་སི་དཀར་པོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིར་གྱུར་པར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། 2023ལོར་སྐུ་ཞབས་ཙུང་ཐུང་ཐེངས་གཉིས་ལ་ཀྲུང་གོར་འཚམས་འདྲིར་ཕེབས་སྐབས་ང་ཚོས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་བཀོད་ཡོད། ད་ལོ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོས་འགྲོ་འོང་དམ་ཟབ་བྱས་ཤིང་། ང་ཚོའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནུས་ལྡན་བྱུང་ཡོད། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་བདེ་ཐང་དང་གོམ་སྟབས་ཆེན་པོས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས།
ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ནཱ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་སྐབས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་མཇལ་འཕྲད་གནང་།
ལུའུ་ཁཱ་ཧྲིན་ཁི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་དངོས་སུ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེལ་རུ་ཁག་གིས་ཁ་སང་ཨུ་རུ་སི་དཀར་པོར་འཁྲབ་སྟོན་བྱས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་དེའང་ཨུ་རུ་སི་དཀར་པོའི་མཛའ་བརྩེའི་མཚོན་རྟགས་ཤིག་རེད། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་དང་པཱ་ཞིས་མཉམ་དུ་བཏོན་པའི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཐུན་མོང་གི་ངོས་འཛིན་ཁག་དྲུག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨུ་རུ་སི་དཀར་པོ་དང་ཀྲུང་གོ་གཉིས་ཀྱི་ཕྱོགས་མང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།