ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བ་བསྡུས།
2024.07.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ7ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བར་མགོ་འཛིན་བྱས་ནས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་།  རང་ཞིང་གི་བཅོས་སྒྱུར་ཕན་འབྲས་ལ་རྩིས་བཤེར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རང་ཞིང་གི་བཅོས་སྒྱུར་ཟབ་སྤེལ་བྱ་བར་འཆར་འགོད་བྱས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིང་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བཅོས་སྒྱུར་ཟབ་སྤེལ་གྱིས་འགག་གནད་བརྟོལ་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ལྡན་གྱི་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་རང་ཞིང་གིས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཐད་བླངས་པའི་གྲུབ་འབྲས་གཙོ་བོར་ཁས་ལེན་གང་ལེགས་བྱས།  ཉེ་བའི་ལོ་ཤས་རིང་རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་དམ་པོར་དམིགས་ནས“མཐོ་ས”འཛུགས་སྐྲུན་དང“གནས་བཞི”བསྐྲུན་རྒྱུར་དམིགས་པ་དང་། མི་རིགས་མཐུན་སྒྲིལ་དང་དམངས་ཚིས་ལེགས་བཅོས་བྱེད་པ། ཏང་གི་འཛུགས་སྐྲུན་སོགས་བྱ་བ་གཙོ་བོར་དམིགས་ཏེ་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ལྡན་པའི་བཅོས་སྒྱུར་བྱ་བ་གལ་ཆེན་སྐོར་ཞིག་ཇུས་འགོད་དང་ལག་བསྟར་བྱས་པས་ད་ལྟ་དང་མ་འོངས་པའི་མཚོ་སྔོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པར་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་འགྱང་བར་འཚོག་ལ་ཉེ་བའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་བའི་སྟེང་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཞིགས་ནས། ཁྱོན་ཡོངས་ཀྱི་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་གནད་དོན་གྱི་ཁྲིད་ཕྱོགས་མངོན་གསལ་དུ་བཏང་སྟེ། དུས་ཡུན་རིང་པོར་བྱས་རྗེས་འཇོག་ཐུབ་པར་བྱས་ཏེ།  བཅོས་སྒྱུར་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་དགོས།  བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལག་ལེན་གྱི་ཁྲོད་དུ་གྲུབ་པའི་དཔེ་མཚོན་གྱི་སྒྲུབ་སྟངས་དང་ཉམས་མྱོང་ལེགས་པོ་དེ་ཡུན་ཕན་ལམ་སྲོལ་དུ་བསྒྱུར་བ་དང་། བཅོས་སྒྱུར་གྱི་རང་འགུལ་སྔར་ལས་ཆེ་རུ་གཏོང་བ། བཅོས་སྒྱུར་གྱི་ངོས་འཛིན་གཅིག་ཏུ་བསྒྲིལ་དགོས།   བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། བཅོས་སྒྱུར་ལ་བརྟེན་ནས་གཏིང་ཟབ་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་མེད་པར་བཟོས་ཏེ། གནད་དོན་ཐག་གཅོད་བྱེད་པའི་ཁྲོད་དུ་བཅོས་སྒྱུར་ཟབ་སྤེལ་གཏིང་ཟབ་ཏུ་གཏོང་དགོས།  བཅོས་སྒྱུར་མཁྲེགས་གཏོར་གཏིང་ཟབ་ཏུ་གཏོང་དགོས།  ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་བྱེད་སྐབས་མ་གཏོགས་མཇུག་གྲུབ་པའི་སྐབས་མེད་པ་ཡིད་ལ་བརྟན་པོར་བཟུང་སྟེ། “མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཡིན་པ་དང་། མདུན་སྐྱོད་དལ་བ་དེ་ཡང་ཕྱིར་བཤོལ་ཡིན་པའི”འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། “ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ།  རང་གཅུན་ནན་དགོས་པའི”བྱ་སྤྱོད་དངོས་ལ་བརྟེན་ནས། བཅོས་སྒྱུར་ཟབ་སྤེལ་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།  མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དེ་དམིགས་ཡུལ་དུ་བཟུང་ནས། བཅོས་སྒྱུར་བྱེད་ཐབས་ཇུས་འགོད་གཏིང་ཟབ་བྱས་ཏེ། བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། རྒྱུན་ཆད་མེད་པར་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས།

གྲོས་ཚོགས་སྟེང་《མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་པ་དང་། རང་ཞིང་གི་ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་སྐོར་གྱི་གནས་ཚུལ་ལ་ཉན།  ཞིང་ཆེན་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་མེ་ཕེན་དང་། ཀྲའོ་ཡའེ་ཞཱ། ཚེ་རིང་ཐར། དབྱང་ཧྥ་སིན། ཀྲུའུ་ཞང་ཧྥུན་བཅས་ཚོགས་འདུར་ཞུགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།