ཟླ7པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་རུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཕྱིར་ལྡོག་གནད་དོན་བཅོས་སྒྲིག་བྱས་པ་དང་བཟོ་ལས་ཁེ་ལས་འཁོར་རྒྱུག་བྱས་པར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་ནན་མོ་བྱེད་ཅིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་པོར་སྲུང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ས་གནས་རང་གི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། སྔར་ལས་ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་རྒྱུན་མཐུད་སྒོས་བསྐྲུན་དགོས་ཞེས་བསྟན།
གཏེར་ལེན་ཁ་གྲོང་ཁྱེར་དྲོང་ཡཱན་མཚོ་སྔོན་ཁུ་ནུའི་བུལ་ལས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་མ་གཏོང་བུལ་རིགས་ཚད་ཡོད་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཕྱིར་ལྡོག་གནད་དོན་བཅོས་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཡུལ་དངོས་ནས་འགུལ་རྣམ་དོ་མཉམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་བསྒྱུར་བཀོད་ལས་གཞིའི་བཟོ་སྐྲུན་འཕེལ་རིམ་ཇེ་མཐོར་བཏང་བར་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། ཚད་གཞི་སྔར་ལས་མཐོན་པོ་དང་། བླང་བྱ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་མང་པོ་བཅས་ཀྱིས་གནད་དོན་རྩ་བ་ནས་བཅོས་སྒྱུར་བྱེད་པ་དང་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དངོས་ཡོད་འགུལ་སྐྱོད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས།
ཚན་རིག་དང་མཐུན་པའི་སྒོ་ནས་ལས་གཞི་རྩ་འཛུགས་བྱེད་པ་དང་། བཟོ་སྐྲུན་གྱི་བྱེད་ཐབས་ནན་མོར་གཏོང་བ། ལག་རྩལ་དང་ཐབས་ལམ་ལེགས་སྒྱུར་བྱེད་ཅིང་། བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། བཟོ་སྐྲུན་གྱི་སྤུས་ཀ་ནན་མོར་འཛིན་པ། ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། དག་ཐེར་ལེགས་བཅོས་བྱ་བ་དུས་ཐོག་ཏུ་འགྲུབ་པར་བྱེད་དགོས། ཁེ་ལས་འཁོར་རྒྱུག་དོ་དམ་ལ་ཤུགས་སྣོན་པ་དང་། མགྱོགས་མྱུར་སྒོས་སྒྲིག་བཀོད་གསར་སྒྱུར་དང་ལག་རྩལ་བསྒྱུར་བཀོད་བྱེད་ཅིང་། ནུས་ཁུངས་གྲོན་ཆུང་དང་། སྦགས་བཙོག་ཉུང་འཕྲི། ཐཱན་ཇེ་ཉུང་དུ་གཏོང་བ་བཅས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཝུའུ་ཞའོ་ཅུན་མཚོ་སྔོན་ནཱན་པོའོ་ནུས་ཁུངས་གསར་བའི་ཚན་རྩལ་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཀཱན་ཧྥུན་ལཱི་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ལའེ་ཏུ་པའོ་རྒྱུ་ཆ་གསར་བའི་ཚད་ཡོད་ཀུང་ཟི་བཅས་ཀྱི་བཟོ་གྲྭའི་འཁོར་ཁང་དང་ལས་གཞི་ལག་བསྟར་ཡུལ་དངོས་ལ་སོང་སྟེ། ཡུལ་དངོས་ནས་གཞི་གྲངས་ཅན་གྱི་བཟོ་གྲྭའི་འཛུགས་སྐྲུན་དང་། ཆུ་འདྲེས་འཁོར་ཁང་ཐོན་སྐྱེད། ཁྱད་ལྡན་ལས་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་རྟོག་ཞིབ་བྱས་ཤིང་། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་མཉམ་དུ་ཐོན་ལས་རྣམ་པ་ལེགས་སྒྱུར་བྱེད་པ་དང་། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཁོས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། སྔོན་ཐོན་སྒྲིག་བཀོད་གསར་སྒྱུར་དང། གཞི་གྲངས་ཅན་གྱི་ཚུར་སྒྱུར། ལྗང་མདོག་སྒྲིག་ཆས་ཁྱབ་གདལ། རིག་ནུས་ཅན་གྱི་རིམ་འཕར་བཅས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་རིག་ནུས་བཟོ་གྲྭ་འཛུགས་པ། ནུས་ཁུངས་གྲོན་ཆུང་དང་སྦགས་བཙོག་ཉུང་འཕྲི། ཐཱན་ཇེ་ཉུང་དུ་གཏོང་བ་བཅས་ལ་ཤུགས་བསྣན་ནས། མཐོ་རིམ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་འབྱུང་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དགེ་མཚན་འདོན་སྤེལ་བྱེད་པ་དང་། མགྱོགས་མྱུར་སྒོས་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པ། ལག་རྩལ་གསར་བ་ཐོད་བརྒལ་བྱེད་པ་དང་། ཐོན་རྫས་གསར་བ་བསྐྲུན་པ། ཚན་རྩལ་གྲུབ་འབྲས་ཚུར་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། ཐོན་ལས་ཕྲེང་སྦྲེལ་དང་། གསར་གཏོད་ཕྲེང་སྦྲེལ། མཁོ་འདོན་ཕྲེང་སྦྲེལ་བཅས་སྤྱིའི་ཆ་ནས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས། སྲིད་ཇུས་ཀྱི་ཁྲིད་སྟོན་དང་། མ་རྒྱུའི་འགན་སྲུང་ལ་ཤུགས་སྣོན་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཤིང་། གསར་དར་ཐོན་ལས་སྡེ་ཚོགས་འཕེལ་རྒྱས་བཏང་སྟེ། གསར་གཏོད་མཉམ་ལས་དང་། འཇོན་མི་གཅིག་འདུ། མ་རྩ་ཇེ་དམའ་རུ་གཏོང་བ་དང་། ཕན་ནུས་ཇེ་མཐོར་གཏོང་བ་སོགས་ཀྱི་གཞི་ཁྱོན་ནུས་སྣང་དང་འགྲན་རྩོད་ཀྱི་དགེ་མཚན་གྲུབ་པར་བྱེད་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་ལྟ་བ་དམ་པོར་འཛུགས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ལས་ཡུལ་དང་པོར་དམིགས་ནས། ཞིབ་ཕྲའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་སྲུང་སྐྱོབ་ནན་མོ་བྱེད་དགོས་ཞེས་ནན་གྱིས་བསྟན།
ལིའུ་ཁྲའོ་རྟོག་ཞིབ་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།