ས་དེའི་ཟླ7པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐཱ་ནཱའི་རང་བཙན་ཕོ་བྲང་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པར་ཞུགས།
ས་དེའི་ཟླ7པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐཱ་ནཱའི་རང་བཙན་ཕོ་བྲང་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པར་ཞུགས།
ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧཱ་ས་ཁུ་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡའེ་ཧྥུ་ཡིས་ཚོགས་འདུར་འགོ་འཛིན་བྱས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་དང་། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན། ཝུའུ་ཙི་པེ་ཁུ་སི་ཐན་གྱི་ཙུང་ཐུང་མེར་ཆིས་ཡའོ་ཡའེ་ཧྥུ། དབྱི་ལིང་གི་ཙུང་ཐུང་ཚབ་མ་མུའུ་ཧི་པེ་ཨར། རྒྱ་གར་གྱི་འཐུས་ཚབ་མི་སྣ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་བཅས་གྲོས་ཚོགས་ལ་ཞུགས།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐཱ་ནཱའི་རང་བཙན་ཕོ་བྲང་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པར་ཞུགས།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐཱ་ནཱའི་རང་བཙན་ཕོ་བྲང་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པར་ཞུགས། འདི་ནི་ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧཱ་སག་ཁི་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡའོ་ཡའེ་ཧྥུའུ་དང་ཕྱག་འཇུ་གནང་བའི་སྐུ་པར་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ནི་དུས་རབས་ཀྱི་བསྣོལ་མཚམས་སུ་བཙུགས་པ་དང་། སྐབས་དེའི་འཇམ་འཐབ་ཀྱིས་བཞག་པའི་ཁ་གཏད་དང་གས་ཆག་གི་སྲུབས་ཀ་ལ་སྤྲད་པའི་འཕལ་ཀ་རེད། རྩ་འཛུགས་འདིའི་སྲོལ་འབྱེད་ཁོངས་གཏོགས་རྒྱལ་ཁབ་རྣམས་ཀྱིས་ལོ་རྒྱུས་ཀྱི་གདམ་ག་བྱས་ཏེ། ཞི་བདེ་དང་འཕེལ་རྒྱས་ལ་འཚོལ་སྙེག་བྱེད་པ་དང་། ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བའི་རྒྱལ་སྤྱིའི་གསར་དར་འབྲེལ་བ་འཛུགས་སྐྲུན་བྱས་ཏེ། ཧྲང་ཧེ་སྙིང་སྟོབས་ནི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཐུན་མོང་གི་སྲུང་བྱའི་རིན་ཐང་དང་འགུལ་བསྐྱོད་ཁ་ཕྱོགས་ཡིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ཉེར་གསུམ་གྱི་རྗེས་སུ། ཁོངས་གཏོགས་རྒྱལ་ཁབ་བཅུ་འཕར་ཞིང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞི་ཆེན་མོ་དེ་གླིང་ཆེན་གསུམ་གྱི་རྒྱལ་ཁབ་ཉེར་དྲུག་ལ་ཁེབས་ནས། ཟླ་གྲོགས་ཇེ་མང་དང་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གྱུར་ཡོད། དེང་སྐབས། འཛམ་གླིང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་གི་ཁྲོད་དུ་གནས་ཤིང་། མིའི་རིགས་སྤྱི་ཚོགས་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོ་རུ་འགྲེངས་ཡོད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། དྲང་བདེན་དྲང་གཞག་གི་ཕྱོགས་སུ་ལངས་རྒྱུ་ནི་འཛམ་གླིང་ལ་མཚོན་ན་ཤིན་ཏུ་གལ་ཆེན་ཡིན། འཇམ་འཐབ་རིག་ལམ་གྱི་དངོས་ཡོད་འཇིགས་སྐུལ་དང་། བར་གྱང་མཐོན་པོ་བརྩིགས་པའི་དངོས་ཡོད་ཀྱི་ཉེན་ཁ། ཁ་བྲལ་ལག་སྲིང་གི་དངོས་ཡོད་འགྲན་རྩོད་བཅས་ལ་ཁ་གཏད་ནས། ང་ཚོས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། རྒྱལ་ཁབ་རང་གི་ལས་དབང་དང་། ས་ཁུལ་ཞི་བདེ་འཕེལ་རྒྱས་བཅས་ནམ་ཡང་རང་གི་ལག་ཏུ་དམ་པོར་འཛིན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ལས་ཉམས་སད་ཐེག་ཐུབ་དོན་ནི། ང་ཚོས་མཐུན་སྒྲིལ་རོགས་རེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་དང་། འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་བགྲོད་ལམ་དུ་བསྐྱོད་པ། དྲང་བདེན་དྲང་གཞག་གི་རིན་ཐང་འཚོལ་སྙེག་བྱས་པ། བཟོད་སྒོམ་ཟུར་ལྟ་ཡི་བྲང་ཁོག་ཡངས་བོ་ལྡན་པ་བཅས་ལ་རག་ལས་ཡོད། ང་ཚོས་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་ཉར་ནས། ཧྲང་ཧེ་སྙིང་སྟོབས་ཀྱི་དར་ཆ་མཐོ་དུ་བསྒྲེངས་ཤིང་། ཕན་ཚུན་རོགས་རེས་དང་། ཕན་ཚུན་ལ་གྲུབ་འབྲས་སྨིན་དུ་བཅུག་ནས། ཐུང་མོང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྩ་འཛུགས་དེ་ཉིད་ཁོངས་གཏོགས་རྒྱལ་ཁབ་དག་དང་མཉམ་དུ་དར་རྒྱས་གོང་འཕེལ་འབྱུང་པའི་འདེགས་རྟེན་དུ་འགྱུར་བའི་གསར་སྐྲུན་བྱེད་དགོས།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐཱ་ནཱའི་རང་བཙན་ཕོ་བྲང་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པར་ཞུགས།
ཚོགས་ཐོག་ཏུ་ཨུ་རུ་སི་དཀར་པོ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁྲོད་ཞུགས་པར་དངོས་སུ་ཆོག་མཆན་བཀོད་ལ། ཉིས་སྟོང་ཉེར་བཞི་ལོ་ནས་ཉེར་ལྔ་ལོའི་བར་གྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་གཏན་འཁེལ་བྱས།
ཚེ་ཆིས་དང་ཝང་དབྱི་སོགས་གོང་གསལ་བྱ་འགུལ་ཁྲོད་ཞུགས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།