ཟླ7པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཧྥུའུ་ཞིན་ཀའོ་ཅིའི་རྐང་འཛིན་དབུ་གཙོ་ཀའོ་ཀུང་ཁྲང་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀའོ་ཀུང་ཁྲང་འཁོར་དང་བཅས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་ཀྱིན་ཡོད་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་ཚུད་པའི་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། རྒྱུན་མཐུད་སྒོས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་རྩོམ་བཞིན་ཡོད། ཧྥུའུ་ཞིན་ཀའོ་ཅི་ཡིས་ཁེ་ལས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་སྔོན་ལ་མ་རྩ་གཏོང་ཤུགས་ཇེ་དྲག་ཏུ་བཏང་ཞིང་། ཐོན་ལས་ཕྲེང་སྦྲེལ་གྱི་ལས་དོན་སྔར་ལས་མང་པོ་མཚོ་སྔོན་དུ་གཞིས་ཆགས་པར་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་ཡུལ་སྐོར་ཐོན་རྫས་སྔར་ལས་མང་པོ་དང་ཞབས་ཞུ་མཁོ་འདོན་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་དང་སྨན་བཅོས་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་མཉམ་ལས་རྒྱུན་མཐུད་སྒོས་རྒྱ་བསྐྱེད་པའི་རེ་བ་བྱེད་ཀྱིན་ཡོད། ང་ཚོས་སྔོན་ཆད་ནང་བཞིན་སྲིད་དོན་ཞབས་ཞུ་སྤུས་ལེགས་ཅན་དང་། ཚོང་གཉེར་ཁོར་ཡུག་ལེགས་ཤོས་འདོན་སྤྲོད་བྱས་ནས། ཁེ་ལས་ཀྱིས་མཚོ་སྔོན་ནས་དངུལ་གཏོང་དང་ཐོན་ལས་དར་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།
ཀའོ་ཀུང་ཁྲང་གིས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་རྗེས་བསྟན་དོན། ཧྥུའུ་ཞིན་ཀའོ་ཅིའི་དང་མཚོ་སྔོན་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མདུན་ལྗོངས་རྒྱ་ཆེ་བས། ཧུར་ཐག་གིས་མཚོ་སྔོན་དང་འདྲེས་པར་བྱེད་པ་དང་། མཚོ་སྔོན་ལ་དངུལ་གཏོང་བ། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་རྒྱུ་ཡིན་ཞེས་བསྟན།
པད་ཁོ་དང་ཧི་ལུའུ་ཁྲུན་མཉམ་དུ་ཐུག་འཕྲད་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།