ལིས་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2024.07.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 103

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གི་ཟླ7པའི་ཚེས5ཉིན་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། གཞི་གྲངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། བརྒྱུད་རིམ་ཧྲིལ་བོས་སྨན་རྫས་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞིར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་བྱ་བར་སྔར་ལས་སྐུལ་འདེད་གཏོང་བར་བགྲོ་གླེང་བྱས་ཤིང་། ཐེན་ཅིན་མཚོ་འགྲམ་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས།  2023ལོའི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་། ནོར་སྲིད་ཡོང་འབབ་དང་འགྲོ་གྲོན་གཞན་དག་རྩིས་བཤེར་བྱས་ནས་ཞིབ་རྩད་ཆོད་པའི་གནད་དོན་གཙོ་བོ་དང་གནས་ཚུལ་དག་ཐེར་ལེགས་བཅོས་བྱེད་པའི་སྙན་ཞུར་ཉན།

གྲོས་ཚོགས་སྟེང་བསྟན་དོན། ཁྱོན་ཡོངས་ཚད་མཐོའི་ཤེས་རྟོགས་དང་གཞི་གྲངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གཞི་གྲངས་ལག་རྩལ་དང་དངོས་གཉེར་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཐོན་ལས་ཅན་དང་ཐོན་ལས་གཞི་གྲངས་ཅན་ལ་སྐུལ་སྤེལ་བྱས་ནས། ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ནུས་སྦྱིན་དགོས། བཅོས་སྒྱུར་གསར་གཏོད་དང་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་མཐུད་སྒོས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱེད་ཅིང་། གཞི་གྲངས་རྨང་གཞིའི་ལམ་ལུགས་དང་གཞི་གྲངས་རྨང་གཞིའི་སྒྲིག་བཀོད་མཉམ་སྡེབ་སྒོས་འཐུས་ཚང་དུ་བཏང་སྟེ། གཞི་གྲངས་མ་རྒྱུ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས། སྟེགས་བུ་དང་ཁེ་ལས་ཀྱི་གསར་གཏོད་ནུས་པ་མཐོར་འདེགས་བཏང་ནས། སྟེགས་བུའི་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་བསྟན་དོན། སྨན་རྫས་གསར་གཏོད་དང་འཕེལ་རྒྱས་གཏོང་བ་དེ་སྨན་རྫས་ཐོན་ལས་འཕེལ་རྒྱས་་གཏོང་བར་འབྲེལ་བ་ཡོད་ཅིང་། མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་འབྲེལ་བ་ཡོད། བརྒྱུད་རིམ་ཧྲིལ་བོས་སྲིད་ཇུས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་དང་། གཅིག་གྱུར་སྒོས་རིན་གོང་དོ་དམ་དང་། སྨན་བཅོས་འགན་བཅོལ་སྤྲོད་པ། ཚོང་ལས་འགན་བཅོལ། སྨན་རྫས་སྒྲིག་སྦྱོར་བེད་སྤྱོད། མ་རྩ་གཏོང་བ་སོགས་ཀྱི་སྲིད་ཇུས་བེད་སྤྱོད་གང་ལེགས་གཏོང་བ། ཞིབ་བཤེར་གདེང་འཇོག་དང་ཞིབ་བཤེར་ཆོག་མཆན་འགོད་པ། སྨན་བཅོས་ལས་ཁུངས་ཀྱི་རྒྱུགས་བཤེར་རྐྱེན་སྲོལ་བཅས་ལེགས་སྒྱུར་བྱེད་ཅིང་། གསར་གཏོད་སྨན་རྫས་འཕེལ་རྒྱས་མངོན་གསལ་འགྲོ་བར་སྟོབས་ཤུགས་གཅིག་སྡུད་སྒོས་རོགས་འདེགས་བྱེད་དགོས། ཕྱོགས་སོ་སོའི་ཚན་རྩལ་གསར་གཏོད་ཐོན་ཁུངས་བཀོད་སྒྲིག་བྱེད་པ་དང་། སྨན་རྫས་གསར་བ་གསར་སྡེབ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་ནས། རང་རྒྱལ་གྱི་གསར་གཏོད་སྨན་རྫས་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

གྲོས་ཚོགས་སྟེང་བསྟན་དོན། ནུབ་རྒྱུད་ས་ཁུལ་དེ་རྒྱལ་ཡོངས་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ཁྱོན་ཡོངས་ཁྲོད་ཀྱི་འགག་རྩ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་ཅིང་། ལས་འགན་ཞིབ་ཕྲའི་སྒོ་ནས་བགོ་བ་དང་། ལས་དོན་སྣ་ཚོགས་དོན་འཁྱོལ་དམ་འཛིན་བྱེད་པ། རང་འགུལ་སྒོས་ཞབས་ཞུ་སྤུས་ལེགས་འདོན་སྤྲོད་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱིས་ཁུལ་ཁོངས་ཧྲིལ་བོའི་ནུས་པ་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བར་རྒྱབ་སྐྱོར་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། 2023ལོའི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་། ནོར་སྲིད་ཀྱི་ཡོང་འབབ་དང་འགྲོ་གྲོན་གཞན་དག་རྩིས་བཤེར་བྱས་ནས་ཞིབ་རྩད་ཆོད་པའི་གནད་དོན་ལ་གཞིགས་ཏེ། འགན་འཁྲི་དག་ཐེར་ལེགས་བཅོས་བྱེད་པར་ཤུགས་སྣོནཔ་དང་། ཕྱོགས་ཡོངས་ནས་དག་ཐེར་ལེགས་བཅོས་གནད་འཁེལ་བྱེད་པ། མ་དངུལ་འདེད་ལེན་བྱེད་དགོས་པར་དུས་ཐོག་ཏུ་འདེད་ལེན་བྱེད་པ། འགན་འཁྲི་འདྲི་རྩད་བྱེད་དགོས་པར་འདྲི་རྩད་ནན་མོ་བྱེད་པ། ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཚེ་མགྱོགས་མྱུར་སྒོས་འཐུས་ཚང་དུགཏོང་དགོས། རྩིས་བཤེར་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་བྱ་བ་སྒྱུར་བཅོས་བྱེད་པའི་གཞི་འཛིན་ས་གཙོ་བོར་བྱེད་ཅིང་། དག་ཐེར་ལེགས་བཅོས་ལ་བརྟེན་ནས་དངོས་འབེབས་ལ་སྐུལ་འདེད་གཏོང་བ་དང་། དག་ཐེར་ལེགས་བཅོས་ལ་བརྟེན་ནས་ཕན་ནུས་མཐོར་འདེགས་བཏང་སྟེ། སྲིད་ཇུས་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས།

ལྷ་མོ་འཚོས་བསྒྱུར།