ཞི་ཅིན་ཕིང་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་དང་མཉམ་དུ་ཀྲུང་གོས་ཐཱ་ཅི་ཁི་སི་ཐན་ལ་རོགས་སྐྱོར་བྱེད་པའི་གྲོས་ཁང་ཐོག་ཁང་དང་སྲིད་གཞུང་ཐོག་ཁང་ལེགས་འགྲུབ་བྱས་པའི་མཛད་སྒོར་ཞུགས།
2024.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ས་དེའི་དུས་ཚོད་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་དང་མཉམ་དུ་ཏུའུ་ཧྲང་པེ་རུ་ཀྲུང་གོས་ཐཱ་ཅི་ཁི་སི་ཐན་ལ་རོགས་སྐྱོར་བྱེད་པའི་གྲོས་ཁང་ཐོག་ཁང་དང་སྲིད་གཞུང་ཐོག་ཁང་ཡོངས་འགྲུབ་བྱས་པའི་མཛད་སྒོར་ཞུགས།

ས་དེའི་དུས་ཚོད་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་དང་མཉམ་དུ་ཏུའུ་ཧྲང་པེ་རུ་ཀྲུང་གོས་ཐཱ་ཅི་ཁི་སི་ཐན་ལ་རོགས་སྐྱོར་བྱེད་པའི་གྲོས་ཁང་ཐོག་ཁང་དང་སྲིད་གཞུང་གི་ཐོག་ཁང་ཡོངས་འགྲུབ་བྱས་པའི་མཛད་སྒོར་ཞུགས།

སྔོན་ཏག་ཏག་ལེགས་འགྲུབ་བྱས་པའི་ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་ཐོག་ཁང་རྔམ་བརྗིད་ལྡན་ཞིང་བཀོད་པ་ཡག ལཱ་ཧི་མིན་གྱིས་གྲོས་ཁང་ཐོག་ཁང་གི་མདུན་ནས་ཞི་ཅིན་ཕིང་ལ་བསུ་མ་བྱས།

ལཱ་ཧི་མིན་དང་ཞི་ཅིན་ཕིང་མཉམ་དུ་གྲོས་ཁང་ཐོག་ཁང་ནང་དུ་བསྐྱོད་དེ། ཀྲུང་གོས་ཐཱ་ཅི་ཁི་སི་ཐན་ལ་རོགས་སྐྱོར་བྱེད་པའི་གྲོས་ཁང་ཐོག་ཁང་དང་སྲིད་གཞུང་ཐོག་ཁང་ལས་གཞིའི་འགྲེམ་སྟོན་པང་ལེབ་ལ་བལྟས་པ་དང་། མཉམ་དུ་ཐོག་ཁང་གཉིས་ཀྱི་རས་ཡོལ་བླངས།

ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་ཐོག་ཁང་དང་སྲིད་གཞུང་ཐོག་ཁང་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་པས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་ཁག་ཁྱད་སེལ་བྱས་པ་དང་། སྤུས་ཚད་བཟང་བོའི་སྒོ་ནས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་ཐོག་ཁང་གཉིས་དུས་བཀག་ལྟར་ལེགས་འགྲུབ་བྱས་པར་བླ་མེད་ཀྱི་དད་གུས་དང་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ནི་རི་ཆུ་གཅིག་འདྲེས་ཀྱི་མཛའ་མཐུན་ཁྱིམ་མཚེས་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་སྦྲེལ་མཐུད་འཕེལ་རྒྱས་སུ་གཏོང་བར་ཤུགས་བསྣན་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་སྐུལ་འདེད་བཏང་ལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་འཐབ་ཇུས་རང་བཞིན་གྱི་ལས་གཞི་ཆེན་པོ་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་བར་རོགས་འདེགས་བྱས་པར་མ་ཟད། ལས་རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་བདེ་སྐྱིད་ཉམས་སུ་མྱོང་ཐུབ་པར་བྱས། དེ་རིང་། ཐོག་ཁང་གཉིས་དངོས་སུ་ལེགས་འགྲུབ་བྱུང་བ་དེས། ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་དང་སྲིད་གཞུང་གི་གཞུང་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་ཐུབ་པ་དང་། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་མཛའ་མཐུན་མཉམ་ལས་མཚོན་པའི་མཚོན་རྟགས་གསར་བར་གྱུར་ཡོད། ཀྲུང་གོས་ཐཱ་ཅི་ཁི་སི་ཐན་དང་མཉམ་དུ། མཉམ་གྲོས་མཉམ་འཛུགས་དང་མཉམ་སྤྱོད་ཀྱི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། ཐཱ་ཅི་ཁི་སི་ཐན་དུ་མཉམ་ལས་ལས་གཞི་སྔར་ལས་མང་པོ་ལག་བསྟར་བྱས་ནས། ཐཱ་ཅི་ཁི་སི་ཐན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།

ལཱ་ཧི་མིན་གྱིས་བསྟན་དོན། ལོ་ལྔའི་སྔོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་བྱེད་སྐབས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཐོག་ཁང་གཉིས་ཀྱི་འདྲ་དཔེ་བཟོ་དབྱིབས་སྟེང་གི་ཡོལ་རས་བླངས། དེ་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཐོག་ཁང་གཉིས་ལེགས་འགྲུབ་བྱས་པའི་མཛད་སྒོར་ཞུགས་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་ལ་ཐེངས་དང་པོར་རྒྱལ་དོན་འཚམས་འདྲི་མཛད་དེ་ལོ་བཅུ་འཁོར་བའི་སྐབས་སུ་ཐཱ་ཅི་ཁི་སི་ཐན་གྱི་མི་དམངས་ལ་ཕུལ་བའི་ལེགས་སྐྱེས་ཆེས་རྩ་ཆེན་ཡིན། ཐོག་ཁང་གཉིས་ཐད་ནས་ཐཱ་ཅི་ཁི་སི་ཐན་གྱི་བཟོ་སྐྲུན་ཁྱད་ཆོས་དང་ཀྲུང་གོའི་བཟོ་སྐྲུན་ལག་རྩལ་གཉིས་མཉམ་བསྲེས་བཟང་བོ་བྱས་ཡོད་པ་དང་། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་མཛའ་བརྩེ་ཟབ་མོའི་བདེན་དཔང་ཡང་ཡིན་པས། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་སྟེང་འགོད་ངེས་པ་དང་། ཐཱ་ཅི་ཁི་སི་ཐན་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་དུ་བསྟོད་བསྔགས་བྱེད་འོས། ངས་ཐཱ་ཅི་ཁི་སི་ཐན་གྱི་མི་དམངས་ཀྱི་ཚབ་བྱས་ནས། ཀྲུང་གོས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པ་དང་ཀྲུང་གོའི་འཛུགས་སྐྲུན་པས་དཀའ་སྤྱད་འབད་འཐབ་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུས་པ་ཡིན།

ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ལུའུ་སི་ཐཱ་མུའུ་ཡིས་བཀའ་དྲིན་ཞུས་པ་དང་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཡུན་རིང་བོར་ཐཱ་ཅི་ཁི་སི་ཐན་གྱི་ལས་དོན་སྣ་ཚོགས་ཐད་རྒྱབ་སྐྱོར་རྩ་ཆེན་བྱས་པར་བཀའ་དྲིན་ཞུས། གསར་དུ་ཡོངས་འགྲུབ་བྱས་པའི་ཐོག་ཁང་གིས་ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་དང་སྲིད་གཞུང་གི་གཞུང་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་མ་ཟད། ཏུའུ་ཧྲང་པེ་ལ་འགུག་ཤུགས་གསར་བ་དང་གསོན་ཤུགས་གསར་བ་སྣོན་ངེས་པ་དང་། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་སྲ་བརྟན་འགྱུར་མེད་ཀྱི་མཛའ་བརྩེ་ཟབ་མོའི་མཚོན་རྟགས་སུ་གྱུར་ཡོད། ཐཱ་ཅི་ཁི་སི་ཐན་གྱིས་བློ་རྩ་བརྟན་པོས་ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་མདུན་ལྗོངས་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།