ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་གིས་ལོ་ཕྱེད་བྱ་བའི་བཀོད་གཏོང་ཚོགས་འདུ་བསྡུས།
2024.07.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཟླ7པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་གིས་ལོ་ཕྱེད་བྱ་བའི་བཀོད་གཏོང་ཚོགས་འདུ་བསྡུས། གྲོས་ཚོགས་སྟེང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་ཤིང་། བྱ་བ་གཙོ་བོར་བཀོད་གཏོང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧོང་ཡཱ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁོས་དང་། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན་ཀྲང་ཙིག་ཅུན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག དྲག་ཆས་ཉེན་རྟོག་པའི་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་འགོ་གཙོ་ལིས་ཙའེ་ཡོན་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་བསྟན་དོན། ད་ལོའི་ཚུན་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་བཏོན་པའི་རྒྱས་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཅིག་ཅན་བཅུའི་ལས་འགན་གཙོ་བོ་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། བྱ་བ་སྣ་ཚོགས་ལོ་གཅིག་ལ་མྱུར་དུ་ཡར་ཐོན་བྱུང་བའི་རྨང་གཞིའི་སྟེང་ལོ་གཉིས་ལ་གྲུབ་འབྲས་མངོན་གསལ་ལྡན་པའི་དུས་རིམ་དམིགས་འབེན་མངོན་འགྱུར་འབྱུང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་རང་བཞིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། མི་དམངས་རང་བཞིན་སྔར་ལས་འབུར་དུ་ཐོན་ཞིང་། ཁྲིམས་སྐྱོང་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་ལ། མཉམ་སྡེབ་རང་བཞིན་སྔར་ལས་སྲ་བརྟན་དུ་བཏང་ཡོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ལོ་འཁོར་གྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ།  སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཁྱབ་ཁོངས་གཙོ་བོའི་མི་མངོན་པའི་ཉེན་ཁ་དོགས་ཟོན་དང་དེ་སེལ་ཐབས་བྱེད་ཅིང་། བྱ་བའི་གཏན་འཁེལ་རང་བཞིན་གྱིས་དོན་དག་སྣ་ཚོགས་ཀྱིས་གཏན་འཁེལ་མིན་པའི་རང་བཞིན་ལ་དོགས་ཟོན་བྱེད་པ་དང་། མཐའ་གཅིག་ཏུ་བྱ་བའི་ཚད་མཐའ་བརྟན་སྲུང་བྱས་ནས། ཏང་གི་སྐབས་ཉི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་འཚོགས་པར་བདེ་འཇགས་བརྟན་བརླིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་དགོས། གནད་དོན་གཙོ་བོ་དམ་འཛིན་བྱས་ཏེ། ངོས་འཛིན་དང་འགུལ་སྐྱོད་ཐད་ཀྱི་ནོར་འཁྲུལ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་། རང་གཤིས་གནད་དོན་གྱི་ཁྱོན་ཡོངས་ཤུགས་རྐྱེན་ལ་ངོས་འཛིན་ཡང་དག་བྱེད་ཅིང་། ཆེད་དོན་བྱ་བ་སྲ་བརྟན་དང་མཐོར་འདེགས་གཏོང་བ་དམ་འཛིན་ནན་མོ་བྱས་ནས། གཅིག་ཤེས་ཀུན་གྲོལ་གྱིས་སྤུས་ཀ་ཇེ་ལེགས་དང་ནུས་པ་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས། ཉམས་མྱོང་བཟང་པོ་གསོག་འཇོག་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་ཁུལ་གནས་ཀྱི་ཁྱད་རྟགས་མངོན་གསལ་ཡིན་པའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཁྱད་ལྡན་ཚོང་རྟགས་འགྲུབ་པར་སྐུལ་འདེད་གཏོང་དགོས།

ལྷ་མོ་འཚོས་བསྒྱུར།