ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས8ཉིན་པེ་ཅིང་དུ་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཀྲང་ལེ་རིན་ཁི་ཧྥུའུ་དང་གྲོས་མོལ་བྱས།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ཁཱ་ཧྲིན་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བའི་ཐད་ནས་ཤུགས་དང་ལྡན་པའི་འཕེལ་རྒྱས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས། ཨུ་རུ་སི་དཀར་པོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བ་དེ་གོ་སྐབས་སུ་བརྩིས་ནས། ཕྱོགས་སོ་སོ་དང་མཉམ་དུ་ཧྲང་ཧེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཐུན་མོང་གི་ཁྱིམ་གཞི་ལྔ་གསར་སྐྲུན་བྱས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཚན་སྙན་སྔར་ལས་ཇེ་ཆེར་གཏོང་འདོད་ཡོད་ཟེར།
ལེ་རིན་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དཀར་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་གཞི་རབ་དང་རིམ་པར་བསྟོད་པ་བྱེད་པར་མ་ཟད། མུ་མཐུད་དུ་དེའི་ཁྲོད་ཟབ་ཞུགས་རྒྱུ་ཡིན་ལ། ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་ཡིན།
རིན་ཆེན་མཚོས་བསྒྱུར།