ཞི་ཅིན་ཕིང་གིས་སའོ་ལའོ་མིན་གླིང་ཚོམ་གྱི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཏུའུ་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
2024.07.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

ཟླ7པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་ཝེ·ཏིས་ཝ·ཁཱ་ཕུའུ་ལ་གློག་འཕྲིན་བཏང་ནས་ཁོང་གིས་སའོ་ལའོ་མིན་གླིང་ཚོམ་གྱི་ཙུང་ཏུའུ་ཡི་འགན་བཞེས་པར་རྟེན་འབྲེལ་ཞུས

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་སའོ་ལའོ་མིན་བར་འབྲེལ་བ་བཙུགས་ནས་ལོ5འཁོར་བའི་ལོ་རེད། ལོ5ཡི་རིང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་མུ་མཐུད་དུ་གཏིང་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ངས་ཀྲུང་གོ་དང་སའོ་ལའོ་མིན་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐུ་ཞབས་ཙུང་ཏུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་སའོ་ལའོ་མིན་བར་གྱི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ཤ་བོ་གསེར་མཚོས་བསྒྱུར།