ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤར་བའི་མཛད་སྒོ་ཟླ7པའི་ཚེས9ཉིན་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་གནས་སྤར་བའི་མཛད་སྒོར་ཞུགས།
ཕྱི་དྲོའི་དུས་ཚོད་བཞིའི་སྟེང་། གོ་གནས་སྤར་བའི་མཛད་སྒོ་དེ་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་བསྡུ་འགོ་བརྩམས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞཱ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་མིང་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤར་བའི་བཀའ་རྒྱ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་གིས་གོ་གནས་སྤར་བའི་མཛད་སྒོར་མགོ་འཛིན་མཛད།
ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་བྱིན་པའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་ཡི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཧི་ཧུང་ཅུན་ལ་བཀའ་རྒྱའི་དཔང་ཡིག་གནང་བར་མ་ཟད་རྟེན་འབྲེལ་ཞུས། ཧྲང་ཅང་དམག་དཔོན་གྱི་ཕྲག་རྟགས་བཏགས་པའི་ཧི་ཧུང་ཅུན་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་ལ། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲའི་ཁེངས།
གོ་གནས་སྤར་བའི་མཛད་སྒོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་མཇུག་བསྒྲིལ།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལིས་དང་མེའོ་ཧྭ། ཀྲང་ཧྲིན་མེན། དམག་དོན་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་དམག་དཔུང་གི་པེ་ཅིང་དུ་སྡོད་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་སོགས་གོ་གནས་སྤར་བའི་མཛད་སྒོར་ཞུགས།
རིན་ཆེན་མཚོས་བསྒྱུར།