ཟླ7པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་ལྔ་པར་ཞུགས་པར་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་ཐུག་འཕྲད་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་སྐུ་མགྲོན་རྣམས་ཕེབས་པར་དགའ་བསུ་ཞུས། ཁོང་གཉིས་ཀྱིས་བཤད་རྒྱུར། མཚོ་སྔོན་ལ་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་ཀྲུང་གོའི་ཆུ་མཛོད་ཅེས་པའི་མཚན་སྙན་ཐོབ་ཡོད་ཅིང་། དེ་ནི་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་འདུས་ཁུལ་ཡིན་ལ། གོ་ལའི་ཕྱེད་བྱང་མའི་ནམ་ཟླའི་ཚོར་སྐྱེན་ཁུལ་དང་། ཨེ་ཤ་ཡཱའི་ཆུ་ཁུངས་སྐྱིལ་གསོག་ཁུལ་གཙོ་བོ་དང་སྐྱེ་ཁམས་བདེ་འཇགས་འགོག་རའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱས་ཤིང་། རིགས་སོ་སོའི་མི་དམངས་དང་སེམས་པ་སྦྲེལ་ནས། ཐེངས་གསུམ་ལ་མཐོ་སྒང་གི་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། གཅིག་རྒྱུད་གཅིག་འཛིན་སྒོས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ཞིང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་པས། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་རྣམས་ལ་སྐུལ་མ་ཐེབས་ཤིང་བཀའ་དྲིན་སེམས་སུ་ཉར་ཡོད། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་མཛད་པའི་ཁ་ཕྱོགས་ལ་དམིགས་ཏེ་མདུན་དུ་སྐྱོད་ཀྱིན་ཡོད་ལ། སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། བྱ་བ་ཧུར་ཐག་སྒོས་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་ཡོད། མཚོ་སྔོན་མཚོ་གཏམ་གྲོས་ཚོགས་བདེ་བླག་ངང་བསྡུས་པ་དེར་མགོ་ཁྲིད་དང་གྲོགས་པོ་རྣམས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་ཤིང་ཧུར་ཐག་གིས་ཟབ་ཞུགས་བྱས་པར་རག་ལས་ཡོད། མིག་སྔར། མཚོ་སྔོན་གྱིས་ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཀྱི་དུས་སྐབས་ལེགས་ཤོས་དེ་བསུས་ཡོད་པས། སྐུ་མགྲོན་རྣམས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་ཞུགས་པ་བརྒྱུད་ནས། མཚོ་སྔོན་ལ་ཕེབས་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ། མཚོ་སྔོན་ལ་མ་དངུལ་གཏོང་བ། གོ་སྐབས་མཉམ་སྤྱོད་དང་། མཉམ་ལས་མཉམ་འགོད། མཉམ་དུ་འཕེལ་རྒྱས་འགྲོ་བ་བཅས་ལ་རེ་བ་བྱེད་ཀྱིན་ཡོད་ཟེར།
རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གང་ལེགས་བླངས་པར་བསྟོད་པ་བྱས། ཚང་མས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་མཛེས་ཤིང་། དཔལ་འབྱོར་སྤྱི་ཚོགས་སྔར་ལས་དར་བ་དང་། ལས་བྱེད་མང་ཚོགས་ཀྱི་ངར་ཤུགས་སྔར་ལས་རྒྱས་པས། མཚོ་སྔོན་འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་ཆེ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བར་ཡིད་ཆེས་ཡོད། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུ་གཙོ་བོ་འདི་བརྒྱུད་ནས། སྔར་ལས་རྒྱུས་ལོན་བྱེད་པ་དང་། འབྲེལ་འདྲིས་ལ་ཤུགས་སྣོན་པ། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་ལ་རེ་བ་བྱེད་ཀྱིན་ཡོད་པར་བསྟན།
ཉིན་དེར། ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་ཟི་དང་། ཀྲུང་གོའི་ཏུང་ཧྥང་གློག་ཤུགས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འབྲེལ་ཡོད་བློ་མཐུན་རྣམས་ལ་ཐུག་འཕྲད་བྱས་ཏེ། ལས་གཞི་གཙོ་བོ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཐོན་ལས་བར་སྟོང་གི་རྣམ་པ་ལེགས་སྒྱུར་བྱེད་པ་སོགས་ཀྱི་བྱ་བར་བརྗེ་རེས་ཟབ་མོ་བྱས།
ཞིང་ཆེན་གྱི་མགོ་ཁྲིད་མགོན་པོ་བཀྲ་ཤིས་དང་། ཝང་ལིས་མེན། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ། ཝང་ཧེ་ཧུང་བཅས་སོ་སོ་གོང་གསལ་བྱ་འགུལ་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།